《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月20日

ཟླ་2ཚེས་15ཉིན་རྒྱལ་ཡོངས་སུ་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་ཁྲི་1515.9སྐྱེལ་འདྲེན་བྱས་པ།

དཔྱིད་གསར་སྐྱེལ་འདྲེན་རིང་ཉིན་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་ཤོས་སླར་ཡང་བཏོད་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་2ཚེས་15ཉིན་ནི་ལོ་གསར་ཚེས་6ཡིན་པ་དང་དེ་ཉིན་རྒྱལ་ཡོངས་སུ་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་ཁྲི་1515.9སྐྱེལ་འདྲེན་བྱས་ནས་དཔྱིད་གསར་སྐྱེལ་འདྲེན་རིང་ཉིན་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་ཤོས་སླར་ཡང་བཏོད་ཡོད་པ་རེད། ཟླ་2ཚེས་16ཉིན་ནི་ལོ་གསར་ཚེས་7ཉིན་ཡིན་པ་དང་དེ་ཉིན་རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་1530སྐྱེལ་འདྲེན་བྱ་རྒྱུ་ཡིན་པས་འགྲུལ་སྐྱེལ་མེ་འཁོར་1813མང་དུ་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་རེད།

རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འགྲུལ་སྐྱེལ་པུའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་ཁག་གི་ལྕགས་ལམ་སྡེ་ཚན་གྱིས་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་ཆེའི་ལམ་ཐིག་ཁུལ་དུ་འགྲུལ་སྐྱེལ་མེ་འཁོར་དུས་ཐོག་ཏུ་མང་དུ་གཏོང་བ་དང་དམངས་བདེ་དམངས་ཕན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཏེ་འགྲུལ་པ་ཕྱིར་སྐྱོད་ཞབས་ཞུར་ནུས་ཤུགས་ཡོད་རྒུས་འགན་ལེན་ཡག་པོ་བྱས་ཡོད་པ་རེད།