ཟླ་1ཚེས་30ཉིན་གཉེར་བའི་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་གངས་ཤུད་རེ་འཛེག་ཡོངས་བསྒྲགས་ཚོགས་ཆུང་གི་བུད་མེད་ཀྱི་བར་ཐག་ཐུང་བའི་འགྲན་བསྡུར་ནང་། ལོ་ཉི་ཤུར་སླེབས་ལ་ཉེ་བའི་བོད་ཀྱི་འཐུས་མི་རུ་ཁག་གི་བདམས་ཐོན་པ་གཡུ་སྒྲོན་ལྷ་མོར་ཨང་དང་པོ་ཐོབ་ཡོད། དེ་ནི་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་གངས་ཤུད་རི་འཛེག་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་རེད། གཡུ་སྒྲོན་ལྷ་མོ་འགྲན་བསྡུར་གྱི་ཐོག་མར་ཡག་པོ་དེ་ཙམ་མ་བྱུང་རུང་རྒྱབ་ནས་ཡག་ཏུ་ཕྱིན་ཏེ་ཨང་དང་པོ་བླངས། མཐའ་མའི་དམིགས་སར་འབྱོར་སྐབས་གཡུ་སྒྲོན་ལྷ་མོ་སེམས་འགུལ་ཚད་མེད་ཐེབས་བཞིན་མིག་ཆུ་དབང་མེད་དུ་ཤོར། “ཐུར་ཤུད་གློད་སྐབས། བྱང་པོ་དེ་ཙམ་མེད་ནའང་གཞན་ལས་རྣམ་པར་རྒྱལ་བས་ང་རང་ཧ་ཅང་དགའ་པོ་བྱུང”ཞེས་འགྲན་བསྡུར་མཇུག་འགྲིལ་རྗེས་ཁོ་མོས་དེ་ལྟར་བཤད།
2026ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་གངས་ཤུད་རི་འཛེག་རྣམ་གྲངས་དེ་འགྲན་བསྡུར་རྣམ་གྲངས་དངོས་ཀྱི་ཐོག་ནས་སླར་ཡང་འགྲན་རར་ཚུད་རྒྱུ་རེད། ལོ་ན་གཞོན་པའི་གཡུ་སྒྲོན་ལྷ་མོར་ཕུགས་འདུན་ཞིག་ཡོད་པ་ནི་2026ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གངས་ཤུད་རི་འཛེག་འགྲན་བསྡུར་ནང་ཞུགས་རྒྱུ་དེ་རེད།