2024ལོའི་ཟླ་2ཚེས་17ཉིན་ཧུའུ་ནན་ཞིང་ཆེན་ཡུང་ཀྲོའུ་གྲོང་ཁྱེར་ཏའོ་རྫོང་པད་མ་ཏུའུ་གྲོང་རྡལ་མཐུན་སྒྲིལ་གྲོང་གསར་གྱི་དང་བླངས་པས་ཕྲུ་གུ་ཚོ་དང་མཉམ་དུ་ཐག་མཆོང་གི་རྩེད་མོར་ཅི་དགར་རོལ་བཞིན་མཆིས། དགུན་ཁའི་གུང་གསེང་རིང་ཏའོ་རྫོང་གིས་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མའི་སྤྱི་ཚོགས་ཀྱི་ལག་ལེན་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས། རི་མོ་འབྲི་བ་དང་། གཞས་གཏོང་བ། སློབ་སྦྱོང་ཟུར་ཁྲིད། ལུས་རྩལ་བྱེད་སྒོ་སོགས་སློབ་ཚན་སྣ་ཚོགས་བཀོད་སྒྲིག་བྱས་པ་དང་འབྲེལ། ཆུ་ལ་མ་ལྷུང་སྔོན་འགོག་དང་དུས་བྱར་སྲུང་སྐྱོང་བྱེད་སྟངས་སོགས་ཀྱི་བདེ་འཇགས་སློབ་གསོ་སྤེལ་ནས་གྲོང་གསེབ་ཀྱི་ཕྲུ་གུར་གཅེས་སྐྱོང་བྱས་ཏེ་ཁོང་ཚོ་དགའ་དགའ་སྤྲོ་སྤྲོས་གུང་གསེང་གཏོང་ཐུབ་པར་བྱས་ཡོད། འདི་ནི་2024ལོའི་ཟླ་2ཚེས་17ཉིན་ཧུའུ་ནན་ཞིང་ཆེན་ཡུང་ཀྲོའུ་གྲོང་ཁྱེར་ཏའོ་རྫོང་པད་མ་ཏུའུ་གྲོང་རྡལ་མཐུན་སྒྲིལ་གྲོང་གསར་དུ་ཕྲུ་གུ་ཚོས་དང་བླངས་པའི་སྣེ་ཁྲིད་འོག་མཉམ་དུ་རོལ་རྩེད་རྩེད་བཞིན་པ།