ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སུའུ་ཡུས་ཆུས་ཤིན་ཀྲོང་གྲོང་རྡལ་ཀྲུའུ་ཝ་གྲོང་ཚོ་ནི་དཔེ་མཚོན་གྱི་ཅང་སུའུ་བྱང་ཕྱོགས་ཀྱི་གྲོང་གསེབ་ཅིག་ཡིན་ཞིང་། སྔར་ནས་བཟུང་སྲོལ་རྒྱུན་ཞིང་ལས་འཚོ་རྟེན་དུ་བྱེད་ཀྱི་ཡོད་མོད། འོན་ཀྱང་གྲོང་གསེབ་ཡུལ་སྐོར་དར་རྒྱས་སོང་བ་དང་བསྟུན་ནས་ཀྲུའུ་ཝ་གྲོང་ཚོས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྲོལ་རྒྱུན་གྱི་སོ་ནམ་རིག་གནས་དང་དེང་རབས་ཡུལ་སྐོར་གཉིས་ཟུང་འབྲེལ་བྱས་ཏེ། ཁྱད་དུ་འཕགས་པའི“ཡོན་ཅ་གྲོང་ཚོའི”གྲོང་གསེབ་ཡུལ་སྐོར་ཐོན་རྫས་བཏོད་ཡོད། འདི་ནི་2024ལོའི་ཟླ་2ཚེས་16ཉིན་ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སུའུ་ཡུས་ཆུས་ཤིན་ཀྲོང་གྲོང་རྡལ་གྱི་ཡོན་ཅ་གྲོང་ཚོའི་མཛེས་ལྗོངས་ཁུལ་དུ་ས་གནས་ཁག་གི་ཡུལ་སྐོར་བ་འབོར་ཆེན་སླེབས་པའི་རྣམ་པ་ཡིན་པ།