《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月19日

དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་།

སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་སྒྲོལ་བའི་འགྲུལ་རྒྱུན་མི་ཐེངས་དུང་ཕྱུར་23ལྷག་ཙམ་ཟིན་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། གསར་འགོད་པས་2024ལོའི་ཕྱོགས་བསྡུས་སྐྱེལ་འདྲེན་གྱི་དཔྱིད་གསར་སྐྱེལ་འདྲེན་ལས་དོན་གྱི་ཆེད་སྒྲུབ་ཚན་ཁག་ནས་ཤེས་རྟོགས་བྱུང་བར། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་སྟེ། ཟླ་2ཚེས་10ནས་ཚེས་17ཉིན་བར། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་སྒྲོལ་བའི་འགྲུལ་རྒྱུན་རིམ་རྩིས་བརྒྱབ་ན་མི་ཐེངས་དུང་ཕྱུར་23.11ཟིན་རྒྱུ་རེད།

ཞིབ་ཕྲ་ནས་བལྟས་ན། ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་9959ཟིན་རྒྱུ་དང་། གཞུང་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་21.84ཟིན་རྒྱུ་ཡིན་པའི་ནང་མྱུར་བགྲོད་གཞུང་ལམ་དང་དེ་བཞིན་སྤྱིར་བཏང་གི་རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་ཚོང་གཉེར་མིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་མི་སྣ་འགྲོ་སྐྱོད་བྱེད་ཚད་རིམ་རྩིས་བརྒྱབ་ན་མི་ཐེངས་དུང་ཕྱུར་19.98ཟིན་རྒྱུ་དང་། གཞུང་ལམ་གྱི་ཚོང་གཉེར་རང་བཞིན་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་1.86ཟིན་རྒྱུ། ཆུ་ཐོག་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི་940ཟིན་རྒྱུ། དམངས་སྤྱོད་མཁའ་འགྲུལ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི་1804ཟིན་རྒྱུ་ཡིན་པ་རེད།

ཟླ་2ཚེས་16ཉིན་ཏེ་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་22པར་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་སྒྲོལ་བའི་འགྲུལ་རྒྱུན་མི་ཐེངས་ཁྲི་30846ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་34%འཕར་བ་དང་། 2019ལོའི་དུས་མཚུངས་ལས་34.06%འཕར་ཡོད། དེའི་ཁྲོད་ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1528.8ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་25.1%འཕར་བ་དང་2019ལོའི་དུས་མཚུངས་ལས་19.9%འཕར་ཡོད་པ་རེད།