《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月18日

དགའ་དགའ་སྤྲོ་སྤྲོའི་ངང་ནས་དཔྱིད་གསར་དུས་ཆེན་གཏོང་བ།

སྲོལ་རྒྱུན་ཚོགས་མཆོད་ཐོག་དམངས་སྲོལ་ལ་མྱོང་རོལ་བྱས་ནས་ལོ་གསར་པར་སྨོན་ལམ་འདེབས་པ་དང་། དཔྱིད་གསར་གྱི་ལྒང་བཞུའི་འདུ་ཚོགས་སུ་འོད་མདངས་འཚེར་བའི་ལྒང་བཞུར་ལྟ་བར་སྐྱོད་པ། འཁྲུག་ཆ་དོད་པའི་འདུ་ཚོགས་དང་འགྲེམས་སྟོན་ནས་ལག་རྟགས་བདམས་ཏེ་དགའ་ཉེ་སྤུན་མཆེད་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱེད་ཀྱི་ཡོད། འདི་ནི་ཡུལ་སྐོར་བས་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་ཐང་ཁྲེང་མཛེས་ལྗོངས་ཁུལ་དུ་འབྲུག་གཟུགས་ལྒང་བཞུའི་སྐོར་སྐྱོད་འཁྲབ་སྟོན་ལ་ལྟ་བཞིན་པ།

ཉེ་ཆར། བོད་ལྗོངས་བྲག་ཡིབ་ཆུས་ཀྱི་2024ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི“གྲོང་ཚོའི་དཔྱིད་གསར་མཚན་ཚོགས”ཉིང་ཁྲི་གྲོང་རྡལ་ཆུ་འཁོར་གྲོང་ཚོར་འཚོགས་ཤིང་། འདི་ནི་གདན་ཞུ་བྱས་པའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། སྨན་དོན་མི་སྣ་བཅས་ཀྱི་འཐུས་མིས་མཚན་ཚོགས་ཐོག་བཀྲ་ཤིས་སྨོན་ཚིག་སྟོན་བཞིན་དུ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ།

འདི་ནི་ཉིན་ཤས་གོང་ཡུལ་སྐོར་བས་ཧོ་པེ་ཞིང་ཆེན་ཙུན་ཧྭ་གྲོང་ཁྱེར་ཤིན་ཝང་ཀྲའེ་གྲོང་རྡལ་གྱི་ཚོགས་མཆོད་སྐོར་བཞིན་པ།

ཟླ་2ཚེས་12ཉིན་ཏེ་བོད་ཀྱི་ལོ་གསར་གྱི་ཚེས་གསུམ་ཉིན། “ལུས་རྩལ་རྩེད་ནས་ལོ་གསར་གཏོང་། བདེ་ཐང་ངང་ནས་དཔྱིད་གསར་བསུ”ཞེས་པའི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་དང་རྟ་རྒྱུག་འགྲན་བསྡུར་བྱེད་སྒོ་ལྷ་སར་འཚོགས་པ་རེད། འདི་ནི་ལྷ་སའི་རྟ་རྒྱུག་འགྲན་རར་རྟ་པས་རྟ་ཐོག་ནས་ཆང་འདེགས་བཞིན་པ།

འདི་ནི་ཕྲུ་གུ་ཆུང་ཆུང་ཞིག་གིས་པེ་ཅིང་ཆན་མོན་ཁྲོམ་གཞུང་དུ“བྱི་རིལ་མི”བཟོ་སྟངས་སྦྱོང་བཞིན་པ།

འདི་ནི་ཉིན་ཤས་གོང་ཡུལ་སྐོར་བས་ཐེན་ཅིན་གནའ་བོའི་རིག་གནས་ཁྲོམ་གཞུང་དུ་ཡུལ་སྐོར་བྱེད་བཞིན་པ།

འདི་ནི་གྲོང་མིས་ཧྲན་ཏུང་ཞིང་ཆེན་ཅི་མོ་གྲོང་ཁྱེར་ཅི་མོ་གནའ་གྲོང་དུ་འབྲུག་རྩེད་ལ་ལྟ་བཞིན་པ།

འདི་ནི་ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་དུ་གནས་པའི་ཝན་ལུའི་སྤྱི་གླིང་གི་དཔྱིད་གསར་ལོ་ཚོགས་སྐབས་བཅུ་དྲུག་པའི་ཡན་ལག་ཚོགས་ར་སྟེ། ཧའེ་རུའེ་རིག་གནས་སྤྱི་གླིང་གི་དཔྱིད་གསར་དུས་ཆེན་གྱི་མུ་འབྲེལ་བྱེད་སྒོའི་ཐོག་ཟློས་གར་འཁྲབ་སྟོན་བྱེད་བཞིན་པ།