《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月18日

མི་སྤྱི་པུས་བསྟན་དོན།

གཅིག་འཐུས་ཞབས་འདེགས་ཞུ་མགྱོགས་སུ་བཏང་སྟེ་མང་ཚོགས་ ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་བྱེད་དུ་འཇུག་དགོས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། མི་སྤྱི་པུས་སྲིད་དོན་ཞབས་ཞུ་གཅིག་འཐུས་བྱེད་ཤུགས་ཆེ་རུ་གཏོང་བ་དང“དོན་དག་གཅིག”གི་དོན་ཚན་གསལ་ཐོ་དོན་འཁྱོལ་བྱེད་མགྱོགས་སུ་བཏང་སྟེ། དྲ་ཕྱིའི་ལས་སྒྲུབ་བྱེད་པར“ཐེངས་གཅིག་ལས་འགྲོ་མི་དགོས་པ”དང་། དྲ་ཐོག་ལས་སྒྲུབ་བྱེད་པར“དྲ་གཅིག་ཀུན་སྒྲུབ”ཐུབ་པ། ཁེ་ལས་དང་མང་ཚོགས་ཀྱི་རེ་ཞུར“ལན་ཐེངས་གཅིག་ལ་འདེབས་པ”བཅས་ལ་སྐུལ་འདེད་བཏང་ནས་ཁེ་ལས་དང་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་དང་། དཔྱད་ཡིག་མང་པོ་མི་དགོས་པ། དུས་ཚོད་ཐུང་ངུའི་ནང་གཉེར་ཐུབ་པ་བཅས་ཧུར་ཐག་བྱ་རྒྱུ་རེད་ཅེས་བསྟན་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་རིང་བའི་གོང་དུ《སྲིད་དོན་ཞབས་ཞུ་ལེགས་སུ་དང་སྲིད་འཛིན་གྱི་ཕན་ནུས་སྔར་བས་ཆེ་རུ་བཏང་ནས“ལས་ཕྱོད་ཆེན་པོས་བྱ་བ་གཅིག་བསྒྲུབ་པར”སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཁྱབ་བསྒྲགས་བྱས་པ་རེད། སྤྱི་ཚོགས་འགན་སྲུང་གཱ་ཡོད་པའི་གྲོང་མིར་ཞབས་འདེགས་ཞུ་བའི“དོན་དག་གཅིག”དང་རྒན་ཡོལ་ཞུས་པའི“དོན་དག་གཅིག”སོགས་མི་སྤྱི་སྡེ་ཚན་གྱི་ཞབས་ཞུའི་དོན་ཚན་2024ལོའི་གཙོ་གནད་དོན་ཚན་གྱི་གསལ་ཐོར་བཅུག་ཡོད།

མི་སྤྱི་པུའི་གཞུང་དོན་ཐིང་གི་ཀྲུའུ་རེན་གཞོན་པ་ཚུང་ཤང་ཆུན་གྱིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ“དོན་དག་གཅིག”ལ་བརྟེན་ནས་སྲིད་དོན་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ་དང་མང་ཚོགས་དང་ཁེ་ལས་ཀྱིས་ལས་དོན་སྒྲུབ་པར་སྟབས་བདེ་སྐྲུན་གང་ཐུབ་བྱ་རྒྱུ་ཡིན་ཞེས་བརྗོད།

ཚུང་ཤང་ཆུན་གྱིས“ང་ཚོས་རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཐོན་མང་བའི་ཞབས་ཞུའི་དོན་ཚན་དེ་བས་མང་བ་རྒྱལ་ཡོངས་སུ་ཧེ་བག་མེད་པར་བདག་སྤྲོད་དང་ཚད་གཞི་གཅིག་མཚུངས་ངང་སྒྲུབ་པར་སྐུལ་འདེད་གཏོང་རྒྱུ་དང་། ཞིང་ཆེན་ཁག་ལ་གཞི་གཅིག་ཅན་གྱི་ཆ་འཕྲིན་ལས་སྟེགས་གང་མགྱོགས་བསྐྲུན་པར་མཛུབ་ཁྲིད་བྱས་ཏེ་ལས་སྒོ་མཉམ་འགུལ་དང་། གྲངས་གཞི་མཉམ་སྤྱོད། གཞི་གཅིག་ཅན་གྱི་སྒྲུབ་གཉེར་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བརྗོད།

ཚུང་ཤང་ཆུན་གྱིས། གོམ་སྟབས་རྗེས་མར་ད་དུང་སྤྱི་ཚོགས་འགན་བཅོལ་གཱ་ཡོད་པའི་གྲོང་མིའི་ཞབས་ཞུའི“གཱ་གཅིག་ཀུན་འཐུས”ཀྱི་ལས་སྟེགས་གྲངས་གཞི་ཅན་གྱི་རིམ་སྤོར་བྱེད་མགྱོགས་སུ་བཏང་ནས་ལས་སྒོ་ཧྲིལ་པོ་དང་། སྡེ་ཚན་སྒྲོལ་བ། ས་ཁུལ་སྒྲོལ་བ་བཅས་ཀྱི་གཱ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་འགན་བཅོལ་གཱ་ཡི་སྨན་བཅོས་སྨན་ཉོ་དང་། འགྲིམ་འགྲུལ་ཕྱིར་སྐྱོད། རིག་གནས་ཉམས་ལེན་སོགས་ཁྱབ་ཁོངས་ཀྱི་བཀོལ་སྤྱོད་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་ཆེར་གཏོང་རྒྱུ་དང་། དངུལ་ཁང་དང་། སྦྲག་སྲིད། གཞི་རིམ་ལས་སྟེགས་སོགས་ཀྱིས་གཞི་རིམ་དུ་ཞབས་འདེགས་ཞུ་བར་བརྟེན་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་དམངས་ཕན་ཞབས་ཞུའི་ཁྱབ་ཁོངས་ཀྱི་བྱེད་ནུས་ཟམ་མི་ཆད་པར་རྒྱ་སྐྱེད་བཏང་སྟེ། ཞབས་ཞུ་དེ་བས་མང་བ་ཐག་ཉེ་སར་སྒྲུབ་པ་དང་། མང་ཙམ་སྒྲུབ་པ། མགྱོགས་མྱུར་སྒྲུབ་པ་བཅས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

(ཉི་དོན་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)