འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་2ཚེས་16ཉིན། ས་གནས་ཁག་ཏུ་འགྲུལ་པ་ཕྱིར་ལོག་གི་ཚ་རླབས་གཅིག་རྗེས་གཉིས་མཐུད་ངང་འཕྱུར་ཞིང་། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པའི་མྱུར་བགྲོད་གཞུང་ལམ་73གྱི་འགྲོ་ལམ་གལ་ཆེན་700ཡི་འགྲུལ་རྒྱུན་ལ་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། འགྲུལ་བཞུད་བྱེད་ཚད་ན་ནིང་གི་དུས་མཚུངས་ལས་29.5%འཕར་བ་དང་། ལྟ་ཞིབ་ཚད་ལེན་བྱས་པའི་རྒྱལ་ཁབ་དང་ཞིང་ཆེན་ལམ་53གྱི་འགྲོ་ལམ་གལ་ཆེན་300ཡི་འགྲུལ་རྒྱུན་ལ་བལྟས་ན། འགྲུལ་བཞུད་བྱེད་ཚད་ན་ནིང་གི་དུས་མཚུངས་ལས་37.1%འཕར་ཡོད་པ་རེད།(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)