《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月09日

ཁེ་རོའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་55པའི་ཐོག་ཀྲུང་གོའི་དཔེ་དེབ་ལ་དགའ་བསུ་ཐོབ་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་ཟླ་2ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་ཁེ་རོའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་55པ་ཨེ་ཅིབ་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་དཔེ་དེབ་འགྲེམས་སྟོན་ལ་རྒྱལ་ཁབ་70ཙམ་གྱི་དཔེ་སྐྲུན་སྒྲིག་གཞི་1200ཞུགས་པ་དང་ཀྲུང་གོའི་དཔེ་དེབ་ལ་ས་གནས་དེ་གའི་ཀློག་པ་པོའི་དགའ་བསུ་ཐོབ་ཡོད།

ཉིན་ཤས་གོང་གསར་འགོད་པས་ས་གནས་ས་ཐོག་ནས་ཀྲུང་གོའི་དཔེ་དེབ་ཁྱབ་གདལ་ལ་རྩེ་གཅིག་ཏུ་གཞོལ་མཁན་ཨེ་ཅིབ་ཤིས་ཁེ་མའེ་ཐེ་རིག་གནས་ཐོན་ལས་ཚོགས་པའི་འགྲེམས་སྟེགས་ཐོག་བྱ་དགའ་ཐོབ་པའི་བརྩམས་ཆོས《དར་གོས་ལམ་བུ》དང《ཀྲུང་གོའི་དེང་རབས་རྩོམ་རིག་ལོ་རྒྱུས》སོགས་ཨ་རབ་ཡི་གེའི་པར་གཞི་མང་པོ་དང་དེ་བཞིན་HSK(རྒྱ་ཡིག་ཆུ་ཚད་རྒྱུགས་ལེན)སོགས་རྒྱ་ཡིག་སློབ་སྦྱོང་གི་སློབ་གཞི་བསྒྲིགས་ཡོད་པ་མཐོང་བྱུང་། འགྲེམས་སྟེགས་དེ་ལོ་རྒྱུས་དང་། རྩོམ་རིག ཚན་རྩལ་སོགས་ཁག་མང་པོར་ཕྱེ་ཡོད་པ་དང་དེ་གར་དཔེ་དེབ་ཉོ་མཁན་ཨེ་ཅིབ་ཀྱི་ཀློག་པ་པོ་རྒྱུན་ཆད་རྒྱུ་མེད་པ་རེད།