《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月09日

ཀྲའོ་ལེ་ཅིས་རྒྱལ་ཡོངས་མི་དམངས་འཐུས་ཚོཌ་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཚོཌ་འདུ་ཐེངས་བཅུ་དགུ་པ་གཙོ་སྐྱོང་གནང་བ།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པ་ཟླ་2ཚེས་26དང་27ཉིན་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཚོགས་འདུ་ཐེངས་བཅུ་དགུ་པ་ཚེས་7ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཤིང་། ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པ་ཟླ་2ཚེས་26དང་27ཉིན་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པའི་ལས་འགན་གལ་ཆེན་ཞིག་ནི་འཚོག་ལ་ཉེ་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་གྲ་སྒྲིག་བྱེད་རྒྱུ་དེ་རེད། ཨུ་ཡོན་ཀྲང་ཚོགས་འདུར་གྲོས་འགོ་བཏོན་དོན། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གྱི་མ་ཟིན་ལ་གྲོས་ཞིབ་བྱ་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་གྱི་འཆར་ཟིན་གྲོས་ཞིབ་ལ་སྐྱེལ་རྒྱུའི་སྐོར་གྱི་ཨུ་ཡོན་ཀྲང་ཚོགས་འདུའི་གྲོས་གཞི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མཚན་ཐོའི་འཆར་ཟིན་གྲོས་ཞིབ་ལ་སྐྱེལ་རྒྱུའི་སྐོར་གྱི་ཨུ་ཡོན་ཀྲང་ཚོགས་འདུའི་གྲོས་གཞི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཟུར་ཞུགས་མི་སྣའི་མཚན་ཐོའི་འཆར་ཟིན་གྲོས་ཞིབ་ལ་སྐྱེལ་རྒྱུའི་སྐོར་གྱི་ཨུ་ཡོན་ཀྲང་ཚོགས་འདུའི་གྲོས་གཞི་བཅས་ལ་གྲོས་ཞིབ་བྱ་རྒྱུ་ཡིན་པ་རེད།

ཨུ་ཡོན་ཀྲང་ཚོགས་འདུར་གྲོས་འགོ་བཏོན་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པའི་གྲོས་རིམ་ལ་ད་དུང་རྒྱལ་ཁབ་ཀྱི་གསང་བ་སྲུང་བའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུ་དང་། འཐུས་མི་ཁག་གཅིག་དང་འཐུས་མིའི་ཐོབ་ཐང་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང་དེ་བཞིན་འབྲེལ་ཡོད་ཀྱི་བསྐོ་འཐེན་གྲོས་གཞི་སོགས་ལ་གྲོས་ཞིབ་བྱེད་རྒྱུ་ཡིན་པ་རེད།

ཨུ་ཡོན་ཀྲང་ཚོགས་འདུར་ད་དུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱིས་འགན་འཁྲི་སྒྲུབ་ཚུན་གྱི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་གནས་ཚུལ་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་སྙན་ཞུར་གྲོས་ཞིབ་བྱས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་2023ལོའི་ཕྱི་ཕྱོགས་ལས་དོན་གྱི་གནས་ཚུལ་སྐོར་དང་2024ལོའི་ཕྱི་ཕྱོགས་ལས་དོན་གྱི་འཆར་གཞིའི་སྐོར་གྱི་སྙན་ཞུར་གྲོས་ཞིབ་ཀྱང་བྱས་པ་རེད། (ཚེ་སྒྲོལ་གྱིས་བསྒྱུར། ཚེ་སྒྲོལ་དང་དཔའ་མོས་ཞུས)