《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月09日

ཞི་ཅིན་ཕིང་གིས་ཆི་ལིའི་ཙུང་ཐུང་པོ་ལི་ཆི་ལ་གློག་འཕྲིན་བཏང་ནས་ཆི་ལིའི་ཙུང་ཐུང་ཟུར་པ་ཕི་ཉི་ལཱ་སྐུ་གཤེགས་པར་མྱ་ངན་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆི་ལིའི་ཙུང་ཐུང་པོ་ལི་ཆི་ལ་གློག་འཕྲིན་བཏང་ནས་ཆི་ལིའི་ཙུང་ཐུང་ཟུར་པ་ཕི་ཉི་ལཱ་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ཏེ་མྱ་ངན་ཟབ་མོ་ཞུས་གནང་བ་དང་། ཕི་ཉི་ལཱའི་ནང་མི་དང་ཆི་ལིའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་ཞུས་གནང་བ་རེད།

ཞི་ཅིན་ཕིང་གིས་སྐུ་ཞབས་ཕི་ཉི་ལཱ་ནི་ཆི་ལིའི་ཕུལ་དུ་བྱུང་བའི་ཆབ་སྲིད་མཁས་པ་ཞིག་ཡིན་ཞིང་། སྐུ་འཚོ་ཞུགས་སྐབས་ཀྲུང་ཆིའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་གཉིས་ཕན་མཛའ་གྲོགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་གཞོལ་ཏེ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བྱ་གཞག་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཁོང་སྐུ་གཤེགས་པ་དེས་ཀྲུང་གོའི་མི་དམངས་ལ་གྲོགས་པོ་རྙིང་པ་དང་གྲོགས་པོ་བཟང་པོ་ཞིག་མེད་པར་གྱུར་ཡོད། ངས་ཀྲུང་ཆིའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཙུང་ཐུང་པོ་ལི་ཆི་དང་མཉམ་དུ་འབད་བརྩོན་ཧུར་ཐག་བྱས་ནས། ཀྲུང་ཆིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་བརྟན་ཐོག་ཡར་འཕེལ་འགྲོ་བར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

(ཟླ་ཕུར་གྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)