《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月09日

ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཀྲུང་གོའི་ལྷོ་སྣེའི་ཆིན་ལིང་ས་ཚིགས་བསྐྲུན་ནས་སྤྱོད་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ།

རྟེན་འབྲེལ་འཕྲིན་ཡིག

ཀྲུང་གོའི་ལྷོ་སྣེའི་ཆིན་ལིང་ས་ཚིགས་བསྐྲུན་ནས་སྤྱོད་འགོ་ཚུགས་པའི་མཚམས་སུ། ངས་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།

འདི་ལོ་ནི་ཀྲུང་གོས་གླིང་སྣེར་རྟོག་ཞིབ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་རེད། ལོ་40ཡི་རིང་། ཏང་གི་འགོ་ཁྲིད་འོག་རང་རྒྱལ་གྱི་གླིང་སྣེའི་བྱ་གཞག་མེད་པ་ནས་ཡོད་པ་དང་། ཉམས་ཞན་ནས་སྟོབས་ཆེར་ཕྱིན་ཞིང་། གླིང་སྣེའི་ལས་དོན་པ་མི་རབས་མང་པོས་གྲང་ངར་ལ་མི་འཛེམ་པ་དང་། བློ་བརྟན་ཞུམ་མེད། འབད་བརྩོན་ཆེན་པོས་ལེགས་སྐྱེས་འབུལ་བ། གཟབ་ནན་བདེན་འཚོལ། དཀའ་སྤྱད་ལས་བརྩོན་བཅས་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོའི་ལྷོ་སྣེའི་ཆིན་ལིང་ས་ཚིགས་བསྐྲུན་པ་དེས་རང་རྒྱལ་དང་འཛམ་གླིང་ཡོངས་ཀྱི་ཚན་རིག་ལས་དོན་པར་རང་བྱུང་གི་ལྐོག་གྱུར་རྒྱུན་མཐུད་འཚོལ་ཞིབ་བྱེད་པ་དང་ཚན་རིག་གི་ཡང་རྩེར་དཔའ་ངར་ཆེན་པོས་འཛེག་པར་འགན་སྲུང་ནུས་ལྡན་བྱེད་ངེས་ཡིན། རྒྱ་ཆེའི་གླིང་སྣེའི་ལས་དོན་པས་དེ་གོ་སྐབས་སུ་བཟུང་ནས་མུ་མཐུད་དཀའ་སྤྱད་འབད་བརྩོན་དང་གསར་འབྱེད་གསར་གཏོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དེ་བས་ལེགས་པའི་སྒོ་ནས་གླིང་སྣེ་ཤེས་རྟོགས་དང་། གླིང་སྣེ་སྲུང་སྐྱོང་། གླིང་སྣེ་བེད་སྤྱོད་བཅས་བྱས་ནས་མིའི་རིགས་ལ་བདེ་སྐྱིད་སྐྲུན་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།

དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པས་ངས་རྒྱ་ཆེའི་གླིང་སྣེའི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།

ཞི་ཅིན་ཕིང་།

2024ལོའི་ཟླ་2ཚེས་7ཉིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་7ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང)

གླིང་སྣེ་ཤེས་རྟོགས་དང་། གླིང་སྣེ་སྲུང་སྐྱོང་། གླིང་སྣེ་བེད་སྤྱོད་བཅས་དེ་བས་ལེགས་པ་བྱས་ནས་མིའི་རིགས་ལ་བདེ་སྐྱིད་སྐྲུན་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་7ཉིན་གློག་འཕྲིན་འབྱོར་གསལ། འབྲུག་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་སྟེ། ཚེས་7ཉིན། ཀྲུང་གོའི་ལྷོ་སྣེའི་ཆིན་ལིང་ས་ཚིགས་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་སྦྲགས། རྒྱ་ཆེའི་གླིང་སྣེའི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་གསུངས་དོན། འདི་ལོ་ནི་ཀྲུང་གོས་གླིང་སྣེར་རྟོག་ཞིབ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་རེད། ལོ་40ཡི་རིང་། ཏང་གི་འགོ་ཁྲིད་འོག རང་རྒྱལ་གྱི་གླིང་སྣེའི་བྱ་གཞག་མེད་པ་ནས་ཡོད་པ་དང་། ཉམས་ཞན་ནས་སྟོབས་ཆེར་ཕྱིན་ཞིང་། གླིང་སྣེའི་ལས་དོན་པ་མི་རབས་མང་པོས་གྲང་ངར་ལ་མི་འཛེམ་པ་དང་། བློ་བརྟན་ཞུམ་མེད། འབད་བརྩོན་ཆེན་པོས་ལེགས་སྐྱེས་འབུལ་བ། གཟབ་ནན་བདེན་འཚོལ། དཀའ་སྤྱད་ལས་བརྩོན་བཅས་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོའི་ལྷོ་སྣེའི་ཆིན་ལིང་ས་ཚིགས་བསྐྲུན་པ་དེས་རང་རྒྱལ་དང་འཛམ་གླིང་ཡོངས་ཀྱི་ཚན་རིག་ལས་དོན་པར་རང་བྱུང་གི་ལྐོག་གྱུར་རྒྱུན་མཐུད་འཚོལ་ཞིབ་བྱེད་པ་དང་ཚན་རིག་གི་ཡང་རྩེར་དཔའ་ངར་ཆེན་པོས་འཛེག་པར་འགན་སྲུང་ནུས་ལྡན་བྱེད་ངེས་ཡིན།

ཞི་ཅིན་ཕིང་གིས་རྒྱ་ཆེའི་གླིང་སྣེའི་ལས་དོན་པས་དེ་གོ་སྐབས་སུ་བཟུང་ནས་མུ་མཐུད་དཀའ་སྤྱད་འབད་བརྩོན་དང་གསར་འབྱེད་གསར་གཏོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དེ་བས་ལེགས་པའི་སྒོ་ནས་གླིང་སྣེ་ཤེས་རྟོགས་དང་། གླིང་སྣེ་སྲུང་སྐྱོང་། གླིང་སྣེ་བེད་སྤྱོད་བཅས་བྱས་ནས་མིའི་རིགས་ལ་བདེ་སྐྱིད་སྐྲུན་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། (རྟེན་འབྲེལ་འཕྲིན་ཡིག་ཆ་ཚང་ཟུར་དུ་འགོད་རྒྱུ)

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ཚེས་7ཉིན་ཀྲུང་གོའི་ལྷོ་སྣེའི་ཆིན་ལིང་ས་ཚིཌ་སྒོ་འབྱེད་པའི་བྱེད་སྒོ་གཉེར་ཞིང་། པེ་ཅིང་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། ལྷོ་སྣེའི་ལྕགས་རི་རིང་པོ་ས་ཚིགས་དང་། ལྷོ་སྣེའི་ཀྲུང་ཧྲན་ས་ཚིགས། ལྷོ་སྣེའི་ཆིན་ལིང་ས་ཚིགས། བྱང་སྣེའི་རྨ་ཆུ་ས་ཚིགས། “གངས་འབྲུག”རྟགས་ཅན་གྲུ་གཟིངས། “གངས་འབྲུག་2”རྟགས་ཅན་གྲུ་གཟིངས་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་པེ་ཅིང་གི་ཚོགས་ར་གཙོ་བོའི་བྱེད་སྒོར་ཞུགས་ནས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ། ས་ཚིགས་གསར་པར་མིང་འདོགས་པ་དང་ས་ཚིགས་སྒོ་ཕྱེ་བའི་ཁྱབ་བསྒྲགས་གནང་བ་དང་ཆབས་ཅིག གསུང་བཤད་ཀྱང་གནང་བ་རེད།

(པ་ཚེ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)