《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月09日

ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་རྒན་གྲས་ལ་གཟིགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་7ཉིན་གློག་འཕྲིན་འབྱོར་གསལ། དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཁག་སོ་སོར་ཧུའུ་ཅིན་ཐའོ་དང་། ཀྲུའུ་རུང་ཅི། ལི་རུའེ་ཧོན། ཝུའུ་པང་གོ དབུན་ཅ་པའོ། ཅ་ཆིང་ལིན། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལི་ཀྲན་ཧྲུའུ། དབང་དབྱང་། སུང་ཕིང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ལུའོ་ཀན། ཧོ་གོ་ཆང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི། ཐེན་ཅི་ཡུན། ཁྲེ་ཧའོ་ཐེན། ཝང་ལེ་ཆོན། ཝང་ཀྲའོ་གོ ཧུའེ་ལེང་ཡུས། ལིའུ་ཆི། ཝུའུ་དབྱི། ཚའོ་ཀང་ཁྲོན། ཙེང་ཕེ་ཡན། ཝང་ཀང་། ལིའུ་ཡན་ཏུང་། ལི་ཡོན་ཁྲའོ། མཱ་ཁའེ། ཞུས་ཆི་ལེའང་། སུན་ཁྲུན་ལན། ལི་ཅན་གོ ཧྥན་ཁྲང་ལུང་། མོང་ཅན་ཀྲུའུ། ཀུའོ་ཅིན་ལུང་། ཝང་ཁྲེན། ལིའུ་ཧོ། དབྱང་ཅེ་ཁྲེ། དབྱང་ཞའོ་ཏུའུ། ཁྲེན་ཆོན་གོ ཀུའོ་ཧྲེང་ཁུན། ཝང་ཧན་པིན། ཧོ་ཡུང་། ཏུའུ་ཆིང་ལིན། ཀྲའོ་ཧུང་ཀྲུའུ། ཡིའུ་ཆོན།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ཝང་པིང་ཆན། ཙོའུ་ཅ་ཧྭ། ཕེང་ཕེ་ཡུན། ཀྲོའུ་ཀོང་ཀྲའོ། ལི་ཐེ་དབྱིང་། ཞུས་ཅ་ལུའུ། ཅང་ཀྲེང་ཧྭ། ཀུའུ་ཤིའུ་ལེན། རག་སྡིས་སོགས་བློ་མཐུན་རྒན་གྲས་ལ་གཟིགས་པའམ་ཡང་ན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ལ་མངགས་བཅོལ་གནང་ནས་གཟིགས་པ་དང་ཆབས་ཅིག ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་དུས་ཆེན་གྱི་འཚམས་འདྲི་ཞུས་པ་མ་ཟད། དཔྱིད་གསར་དུས་ཆེན་སྤྲོ་པོ་དང་ཚེ་རིང་ནད་མེད་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།

བློ་མཐུན་རྒན་གྲས་ཚོས་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོར་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་འབད་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་གོམ་སྟབས་བརྟན་པོ་སྤོས་པར་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྙིང་དབུས་ནས་བརྩི་བཀུར་ཞུ་ལུགས་ཀྱང་མཚོན་པར་གནང་བ་རེད། བློ་མཐུན་རྒན་གྲས་ཚོས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཁར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང་། གདེང་ཚོད་བརྟན་གཏོང་། གསར་འབྱེད་ཡར་བརྩོན་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འབད་འཐབ་ལྷོད་མེད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

(སྐལ་མཆོག་གིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)