2024ལོའི་ཟླ་2ཚེས་1ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་ཕུ་མ་གཡུ་མཚོར་མི་རྣམས་ཡིད་དབང་འཕྲོག་པའི“འཁྱགས་མཚོ་བརྒྱུད་ནས་མཚེར་ས་སྤོ་བའི”སྟོན་མོ་གཟབ་རྒྱས་ཤིག་བཤམས་ཤིང་། དམིགས་བསལ་གྱི་རང་བྱུང་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་དེར་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པས་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་དང་དེ་བཞིན་པར་རྒྱག་དགའ་མོས་པ་དེ་གར་པར་རྒྱག་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
ལོ་ལྟར་དགུན་དུས་ཕུ་མ་གཡུ་མཚོར་དར་ཁ་འགྲིགས་ནས་ཕྱི་གསལ་ནང་གསལ་དུ་གྱུར་ཏེ་ཡིད་དབང་འཕྲོག་པའི་འཁྱགས་ངོས་སྔོན་པོ་ཞིག་ཐོན་གྱི་ཡོད་པས། དེར་ཀྲུང་གོའི་པེ་ཅར་མཚོ་ཞེས་འབོད་ཀྱི་ཡོད། དགུན་དུས་འཐུས་གྲོང་ཚོའི་རྩྭ་རས་ལུག་ཁྱུར་གཟན་རྩྭ་འདང་ངེས་མཁོ་འདོན་མི་ཐུབ་ཀྱང་ཕུ་མ་གཡུ་མཚོའི་མཚོ་དབུས་གླིང་ཕྲན་དུ་རྩྭ་ཆུ་བཟང་པོ་ཡོད་པས། ཕུ་མ་གཡུ་མཚོར་དར་ཁ་འགྲིག་དུས་སུ་གྲོང་མི་ཚོས་ལུག་ཁྱུ་མཚོ་དབུས་གླིང་ཕྲན་དུ་འདེད་ཀྱི་ཡོད་ལ། དར་ཁ་མ་ཞིག་གོང་ལུག་ཁྱུ་གྲོང་ཚོར་སྐོང་གི་ཡོད།