⇐ ལུགས་རྙིང་འབྲུག་ལོའི་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་ཆེད། ཉེ་ཆར་ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཆེ་མོ་ཁང་དང་དོན་གཅོད་ཁང་གིས་བྱེད་སྒོ་སྣ་མང་སྤེལ་ནས། བཅའ་སྡོད་བྱ་ཡུལ་རྒྱལ་ཁབ་ཀྱི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་དང་། ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་ཀྲུང་གོ་བ། ཀྲུང་གོའི་མ་འཇོག་སྒྲིག་གཞི། དེ་བཞིན་ཀྲུང་གོའི་ཕྱི་སྦྱོང་སློབ་མའི་འཐུས་མི་སོགས་དང་མཉམ་དུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། ཚོགས་ཞུགས་ལས་རིགས་ཁག་གི་མི་སྣ་དང་ཕན་ཚུན་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་ཞུ་རེས་བྱས་ནས་མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྒུག་བྱས་པ་རེད།
འདི་ནི་ཟླ་2ཚེས་1ཉིན། ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་2024ལོའི“དྲོ་སྐྱིད་ལྡན་པའི་ངང་ནས་དཔྱིད་ཀ་བསུ། ལྷན་དུ་ཀྲུང་གོའི་ལོ་གསར་གཏོང”ཞེས་པའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་ཀྲུང་གོ་བའི་དཔྱིད་གསར་སྣེ་ལེན་འདུ་ཚོགས་ཚོགས་བཞིན་པ།