《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月08日

མི་སྤྱི་པུའུ་སོགས་སྡེ་ཚན་བདུན་གྱིས་རྩལ་ནུས་མཐོ་བའི་སྣེ་ཁྲིད་ཤེས་ལྡན་པ་གསོ་སྐྱོང་གི་འཆར་གཞི་ལག་བསྟར་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མི་སྤྱི་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། མི་སྤྱི་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། སློབ་གསོ་པུའུ། ཚན་རྩལ་པུའུ། ནོར་སྲིད་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་སོགས་སྡེ་ཚན་བདུན་གྱིས《རྩལ་ནུས་མཐོ་བའི་སྣེ་ཁྲིད་ཤེས་ལྡན་པ་གསོ་སྐྱོང་གི་འཆར་གཞི་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། 2024ནས་2026ལོ་བར་རྩལ་ནུས་མཐོ་བའི་སྣེ་ཁྲིད་ཤེས་ལྡན་པ་གསོ་སྐྱོང་གི་འཆར་གཞི་མཉམ་དུ་ལག་ལེན་བསྟར་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་། ལས་གྲྭ་གལ་ཆེན། རྣམ་གྲངས་གལ་ཆེན། ཐོན་ལས་གལ་ཆེན་བཅས་ཀྱི་དགོས་མཁོར་དམིགས་ཏེ་སྤྱི་ཚོགས་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་སྐུལ་སློང་དང་དེར་བརྟེན་ཏེ་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་སོགས་འབྲེལ་ཡོད་ལས་རིགས་ཀྱིས་སྣེ་ཁྲིད་ཤེས་ལྡན་པ་གཙོ་གནད་ཐོག་གསོ་སྐྱོང་བྱས་ནས། ལོ་3ལྷག་ཙམ་གྱི་དུས་ཚོད་སྤྱད་དེ་རྒྱལ་ཡོངས་སུ་སྣེ་ཁྲིད་ཤེས་ལྡན་པ་མི་ཐེངས་ཁྲི་1.5ཡན་གསར་དུ་གསོ་སྐྱོང་དང་རྩལ་ནུས་མཐོ་བའི་ཤེས་ལྡན་པ་མི་ཐེངས་ཁྲི་500ལྷག་ཙམ་གསར་འཕར་ཡོང་བར་སྐུལ་ཁྲིད་བྱེད་རྩིས་ཡོད་པ་རེད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)