འདི་ག་ཚགས་པར་ཁང་དུ་ཤང་ཀང་ནས་ཟླ་2ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་ཤང་ཀང་རྒྱ་མཚོའི་སྤྱི་གླིང་གིས་ཡོངས་བསྒྲགས་བྱས་པར་གཞིགས་ན། ལུགས་རྙིང་ལོའི་ལོ་གསར་རིང“2024ལོའི་ལོ་གསར་ལ་མཉམ་འཛོམས་རྟེན་འབྲེལ་ཞུ་བའི”བྱེད་སྒོ་སྤེལ་ནས། ཤང་ཀང་གི་གྲོང་མི་དང་དེ་བཞིན་ས་གནས་ཁག་གི་ཡུལ་སྐོར་བ་སྤྱི་གླིང་གི་སྲོལ་རྒྱུན་ཁྱད་ཆོས་ཀྱིས་ཕྱུག་པའི་རོལ་རྩེད་རྣམ་གྲངས་མྱོང་རོལ་བྱེད་པར་གདན་དྲངས་ནས་ལོ་གསར་པར་རྣམ་པ་གསར་པ་མངོན་པར་བྱས་ཡོད།
ཤང་ཀང་རྒྱ་མཚོའི་སྤྱི་གླིང་ཀུང་སིའི་ཀྲུའུ་ཞི་ཕང་ཅན་དབྱི་ཡིས། ཤང་ཀང་རྒྱ་མཚོའི་སྤྱི་གླིང་ནི་གྲོང་མི་དང་ཡུལ་སྐོར་བ་ལོ་གསར་རིང་སྤྲོ་འཆམ་དུ་འགྲོ་ས་ཡག་པོ་ཞིག་རེད། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྱད་ལྡན་བརྗོད་དོན་གཙོ་བོའི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་གྲོས་འགོ་བཏོན་པ་དེར་གཞོགས་འདེགས་བྱས་ནས། སྤྱི་གླིང་གིས་འབྲུག་ལོའི་རྟེན་འབྲེལ་བྱེད་སྒོ་སྤེལ་ཏེ་ཤང་ཀང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྣམ་པ་མངོན་རེ་བྱེད་ཀྱི་ཡོད། སྤྱི་གླིང་གིས་ད་དུང་ལོ་གསར་པའི་ནང་རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་ཐེབས་པའི་དམིགས་བསལ་གྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ནས། ཡུལ་སྐོར་བས་ཁྱད་ལྡན་སྤྲོ་གསེང་རྣམ་གྲངས་དེ་བས་མང་བ་མྱོང་རོལ་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།
ཤང་ཀང་རྒྱ་མཚོའི་སྤྱི་གླིང་གིས་གྲོང་མི་དང་ཡུལ་སྐོར་བ་དེ་བས་མང་བ་རྒྱ་མཚོའི་སྤྱི་གླིང་དུ་ཡོང་བའི་ཡིད་དབང་བཀུག་ནས་ཐུན་མོང་མ་ཡིན་པའི་དཔྱིད་གསར་དུས་ཆེན་གྱི་རྣམ་པ་མྱོང་རོལ་བྱས་ཏེ། གཉེན་ཉེ་དང་གྲོགས་པོ་དང་མཉམ་འཛོམས་ཀྱིས་དཔྱིད་གསར་དུས་ཆེན་སྤྲོ་པོ་ཞིག་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
(ཉི་དོན་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)