《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月08日

འདི་ལོ་མ་ཡུམ་གཙང་པོ་སླར་གསོའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ཡིན་པ།

ཆུ་བོ་26འབྲེལ་ཐུབ་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཆུ་བེད་པུས《2024ལོའི་ཆུའི་ཐོན་ཁུངས་དོ་དམ་ལས་ཀའི་གཙོ་གནད》བཀྲམ་ནས་ཆུའི་ཐོན་ཁུངས་དོ་དམ་ཡག་པོ་དང་ཡག་པོ་སྤྱོད་རྒྱུ་ཏན་ཏིག་དང་ཞིབ་ཚགས་བྱེད་པའི་ལག་བསྟར་གོ་རིམ་སྔར་བས་ཁ་གསལ་བཟོས་ཡོད། ཆུ་བེད་པུའི་ཆུའི་ཐོན་ཁུངས་དོ་དམ་སིའི་འབྲེལ་ཡོད་འགན་འཁུར་བས། 2024ལོར་ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་གཅུན་འདོམས་ལམ་ལུགས་ལག་ལེན་བསྟར་རྒྱུ་གཙོ་རྐང་དུ་བྱེད་པ་དང་། སྐྱེ་ཁམས་བཟང་པོ་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་འཐུང་ཆུའི་དགོས་མཁོ་འགན་ལེན་བྱ་རྒྱུ་དམིགས་ཚད་དུ་བྱེད་པ། ཞིབ་རྩིས་ཡག་པོ་བརྒྱབ་ནས་ཆུའི་ཐོན་ཁུངས་བེད་ཡག་པོ་སྤྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆུ་དང་བསྟུན་ནས་གཏན་འཁེལ་དང་འབབ་ཚད་དང་བསྟུན་ནས་ལག་ལེན་བསྟར་བར་སྐུལ་འདེད་གཏོང་རྒྱུ་ཡིན་ལུགས་ངོ་སྤྲོད་བྱས་ཡོད།

ཆུ་འགོ་གསར་སྤེལ་དང་སྤྱོད་འབོར་ཚོད་འཛིན་ཐད། འདི་ལོར་གཙང་པོ་དང་ཆུ་བོའི་སྐྱེ་ཁམས་ཀྱི་ཆུའི་བཞུར་ཚད་འགན་སྲུང་བྱེད་ཤུགས་ཆེ་རུ་དང་ས་འོག་ནས་ཆུ་འཐེན་འབོར་དང་ཆུ་ཁ་གཉིས་ཀ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆུ་བོ་རྒྱུག་ཁུལ་གྱི་སྤྱོད་རུང་བའི་ཆུའི་འབབ་ཚད་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་དང་། ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་གཅུན་འདོམས་ཀྱི་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཆུ་འཐེན་པ་དང་བེད་སྤྱོད་ཀྱི་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ཆུ་བེད་སྡེ་ཚན་གྱིས་ཆུའི་ཐོན་ཁུངས་རིགས་པས་ཁུངས་སྐྱེལ་དང་ཆུ་འཐེན་པའི་ཆོག་འཐུས་ལྟ་སྐུལ་དོ་དམ་ནན་པོ་བྱས་ནས་སྒྲིག་འགལ་ངང་ཆུ་འཐེན་པའི་གནད་དོན་ཞིབ་བཤེར་ཐག་གཅོད་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་འཐེན་པའི་ལྟ་ཞིབ་ཚད་ལེན་གྱི་ཚད་འཇལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་སོགས་བྱེད་རྒྱུ་རེད། གཞན་ཡང་ཆུ་བེད་སྡེ་ཚན་གྱིས་ཆུ་སྤྱོད་དབང་ཆ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཆུའི་ཐོན་ཁུངས་ཀྱི་དཔྱ་ཁྲལ་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཆུ་སྤྱོད་ཀྱི་བསྡོམས་རྩིས་དང་བརྟག་དཔྱད་བྱེད་ནུས་མཐོ་རུ་གཏོང་བ་བཅས་ཀྱི་སྒོ་ནས་ཆུའི་ཐོན་ཁུངས་ལ་དཔྱད་ཞིབ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་པ་རེད།