《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月08日

རྒྱལ་ཡོངས་ཀྱི་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར་1.4ལྷག་ཙམ་ཟིན་པ།

འབྲུ་རིགས་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པའི་རྨང་གཞི་བརྟན་པོ་ཡོད་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཁྱབ་བསྒྲགས་གསར་ཤོས་བྱས་དོན། མིག་སྔའི་བར། འབྲུ་རིགས་གཙོ་ཐོན་ཁུལ་གྱི་རིགས་ཁག་གི་འབྲུ་རིགས་ཁེ་ལས་ཀྱིས་རིམ་རྩིས་བརྒྱབ་ན་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར་1.4ཡན་ཟིན་པ་དང་ཉོ་སྒྲུབ་བྱེད་ཚད་སྤྱིའི་ཆ་ནས་བཅུ་ཆ་བདུན་ཡས་མས་ཟིན་ཡོད་པ་རེད། དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་མཚམས་སུ། རང་རྒྱལ་གྱི་འབྲུ་སྣུམ་ཐོན་རྫས་མཁོ་སྤྲོད་འདང་ངེས་དང་། ཁྲོམ་རའི་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པ། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པའི་རྨང་གཞི་བརྟན་པོ་བཅས་ཡོད་པ་རེད།

སྟོན་འབྲུར་འབྲས་དང་། མ་རྨོས་ལོ་ཏོག སྲན་ཆེན་བཅས་འབྲུ་སྣ་གསུམ་ཚུད་ཡོད། ཁྲོམ་རར་བཏོན་པའི་དུས་ཚོད་ལ་བལྟས་ན་སྔོན་ལ་ལྷོ་ཕྱོགས་ཀྱི་འབྲས་དང་། དེ་རྗེས་ཀྲུང་ཧྭའི་བྱང་རྒྱུད་ཀྱི་མ་རྨོས་ལོ་ཏོག མཇུག་ཤོས་ནི་བྱང་ཤར་གྱི་འབྲས་དང་། མ་རྨོས་ལོ་ཏོག སྲན་ཆེན་བཅས་ཡིན་པ་རེད། མིག་སྔར་བྱང་ཤར་དང་ཀྲུང་ཧྭའི་བྱང་རྒྱུད་ཀྱི་སྟོན་འབྲུ་གཅིག་སྡུད་སྡེབ་ཚོང་རྒྱག་བཞིན་ཡོད་པ་དང་མྱུར་ཚད་བཅུ་ཆ་དྲུག་ཡས་མས་ཟིན་པ་དང་། ལྷོ་ཕྱོགས་ཀྱི་ཉོ་སྒྲུབ་བྱེད་མང་བའི་ནམ་དུས་སྤྱིའི་ཆ་ནས་མཇུག་འགྲིལ་བ་རེད།