འདི་ག་ཚགས་པར་ཁང་དུ་ཧྲེན་ཀྲེན་ནས་གློག་འཕྲིན་འབྱོར་གསལ། ཐོབ་ཐང་ལག་ཁྱེར་དང་གནམ་གྲུར་ཞུགས་པའི་སྤ་སེ་སྟོན་མི་དགོས་པར། ཐོ་འགོད་བྱས་ནས་གནམ་གྲུར་སྡོད་པའི་བཤེར་རྟགས་ལེན་པ་ཙམ་གྱིས་ལག་ཐོགས་ཁ་པར་གཅིག་ལ་བརྟེན་ནས་གནམ་འོག་ཀུན་ཏུ་སྐྱོད་ཐུབ་ཀྱི་ཡོད། ཉིན་ཤས་གོང་ཧྲེན་ཀྲེན་པའོ་ཨན་རྒྱལ་སྤྱིའི་གནམ་ཐང་དུ་གནམ་གྲུར་སྡོད་པའི་བཤེར་རྟགས་ཀྱི“ལག་ཁྱེར་གཅིག(བཤེར་རྟགས་གཅིག)ལས་ཤར་བགྲོད་ཐུབ་པའི”ཞབས་ཞུ་རྒྱལ་ནང་གི་དུས་གཏན་གནམ་གྲུར་སྡོད་པའི་འགྲུལ་པར་ཁ་ཕྱོགས་ཏེ་ཁྱོན་ཡོངས་ནས་ཚོད་ལྟ་བྱས་པ་རེད།
ཧྲེན་ཀྲེན་གནམ་ཐང་དུ་རྒྱལ་ནང་གི་དུས་གཏན་གནམ་གྲུར་བསྡད་ནས་རྡོག་ཐོན་བྱེད་མཁན་འགྲུལ་པ་མི་ཉུང་བ་ཞིག་གིས་གཏོང་སྤྲོད་འབོའི་དམངས་སྤྱོད་མཁའ་འགྲུལ་ཅུས་སྤྱི་བདེ་ཅུས་ཀྱི་བྱ་རིམ་ཆུང་ངུ“དམངས་སྤྱོད་མཁའ་འགྲུལ་གྱི་ཕྱིར་སྐྱོད་སྟབས་བདེ”ཞེས་པ་ནས་གནམ་གྲུར་སྡོད་པའི་བཤེར་རྟགས་གཅིག་རྗེས་གཉིས་མཐུད་ངང་ཐོ་འགོད་རེ་ཞུ་བྱེད་ཅིང་། ལག་ཐོགས་ཁ་པར་གཅིག་དང་གནམ་གྲུར་སྡོད་པའི་བཤེར་རྟགས་གཅིག་ལས་སྤ་སེ་བཤེར་བ་དང་། རྡོག་ཁྲེས་བསྐུར་བ། བདེ་འཇགས་ཞིབ་བཤེར། གནམ་གྲུར་འཛུལ་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་འགྲོ་ལུགས་གཉེར་ཆོག་གི་ཡོད་པ་གསར་འགོད་པས་མཐོང་བ་རེད།