འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་5ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་སྐོར་སྐྱོད་ཞིབ་དཔྱོད་སྣ་ཚོགས་ཐེངས་3900ལྷག་ཙམ་བྱས་པར་གནད་དོན་དང་ཁུངས་སྣེ་ཁྲི་6ལྷག་ཙམ་ཤེས་རྟོགས་བྱུང་བ་དང་། ཁྲིམས་འཛིན་ལས་དོན་མི་སྣའི་འབྲེལ་ཡོད་ལས་ཐོག་ཉེས་གསོག་མི་གྲངས་140ལྷག་ཙམ་གྱོད་དོན་ཐོ་འགོད་ཀྱིས་མྱུལ་ཞིབ་བྱས་ནས་སྐོར་སྐྱོད་ཞིབ་དཔྱོད་ལས་དོན་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། བཙོན་ཁང་དུ་སྐོར་སྐྱོད་ཞིབ་དཔྱོད་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བའི་རྨང་གཞིའི་ཐོག་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལེའོ་ཉིང་དང་། ཅི་ལིན། ཧེ་ལུང་ཅང་བཅས་ཞིང་ཆེན་3གྱི་བཙོན་ཁང་4རུ་ཉེས་གསོག་པ་ཤི་བ་དང“ཁྲིམས་བཅད་ཡང་དུ་གཏོང་བ་དང་། ཚོད་བགམ་གློད་བཀྲོལ། གནས་སྐབས་བཙོན་ཕྱིའི་ལག་བསྟར”གྱི་གནད་དོན་ལ་ཆེད་མངགས་སྐོར་སྐྱོད་ཞིབ་དཔྱོད་བྱས་པ་རེད། ཞིང་ཆེན་ལས་བརྒལ་བའི་ཉེས་ཅན་ལྟ་སྲུང་ཁང་ཕན་ཚུན་སྐོར་སྐྱོད་ཞིབ་དཔྱོད་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ། ཉེས་ཅན་ལྟ་སྲུང་ཁང་གི་ལྟ་སྡོམ་ཁྲིམས་སྒྱུར་གནད་དོན་དང་ཁྲིམས་འཛིན་ལས་སྒྲུབ་མི་སྣའི་འབྲེལ་ཡོད་ལས་ཐོག་ཉེས་གསོག་གི་ཁུངས་སྣེ་ཁག་གཅིག་ཤེས་རྟོགས་བྱུང་ཡོད། 2023ལོའི་ཟླ་9པ་ནས་ཟླ་11པའི་བར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཆེད་དོན་ཞིབ་དཔྱོད་དང“ཕྱིར་མིག་ལྟ་བ”ཟུང་དུ་སྦྲེལ་བའི་བྱེད་ཐབས་སྤྱད་དེ། ཞིང་ཆེན་བརྒལ་བའི་བཙོན་ཁང་གི་སྐོར་སྐྱོད་ཞིབ་དཔྱོད་ལས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་དང་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་སློབ་སྟོན་བྱས་ཡོད།
གཞན་ཡང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ད་དུང་སྡེ་ཁུལ་ཡོ་བསྲང་གི་སྐོར་སྐྱོད་ཞིབ་དཔྱོད་ཚོད་ལྟའི་ལས་དོན་བཀོད་སྒྲིག་བྱས་ནས་སྤེལ་ཞིང་། 2023ལོའི་ཟླ་5པ་ནས་10པའི་བར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཚོད་ལྟའི་ཇུས་གཞི་བཀྲམ་ནས་ཧེ་ལུང་ཅང་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)9ལ་ཚོད་ལྟ་བྱས་ཡོད། ཚོད་ལྟའི་ལས་དོན་སྤེལ་རིང་སྡེ་ཁུལ་ཡོ་བསྲང་སྒྲིག་གཞི་294དང་ཁྲིམས་འཛིན་སུའོ་2983ལ་སྡེ་ཁུལ་ཡོ་བསྲང་གི་སྐོར་སྐྱོད་ཞིབ་དཔྱོད་ཐེངས་413བྱས་ནས་གནད་དོན་5600ལྷག་ཙམ་ཤེས་རྟོགས་བྱུང་བ་དང་། ཡིག་ཐོག་ལྟ་སྐུལ་བསམ་འཆར་4600ལྷག་ཙམ་བཏོན་པ། འབྲེལ་ཡོད་ལས་ཁུངས་ལ་བཙོན་འཇུག་ལག་བསྟར་གྱི་གྱོད་གཞི་110ལྷག་ཙམ་སྒྲུབ་གཉེར་བྱེད་པར་ལྟ་སྐུལ་བྱས་ཡོད།