《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月06日

དགུན་གསེང་ལ་ཤོག་དྲས་སྦྱངས་ནས་ལོ་གསར་བསུ་བ།

ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སི་ཧུང་རྫོང་པན་ཁྲེང་གྲོང་རྡལ་ཧུང་ཙེ་མཚོ་འགྲམ་དུ་གནས་པ་དང་། དེར་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་17ཡོད་པས་མངོན་མིན་རིག་གནས་ཤུལ་བཞག་གི་འབྱུང་ཁུངས་གྲགས་ཅན་ཞིག་རེད། ཉེ་བའི་ལོ་ཤས་རིང་། གྲོང་རྡལ་དེས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོབ་ལ་མཐོང་ཆེན་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་སློབ་ཁྲིད་དང་མངོན་མིན་རིག་གནས་ཤུལ་བཞག་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་སོགས་ཀྱི་བྱེད་སྒོ་རྒྱུན་མཐུད་སྤེལ་བ་དང་འབྲེལ་མངོན་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་ཁང་ཆེད་མངགས་བཙུགས་ཏེ། མངོན་མིན་རིག་གནས་ཤུལ་བཞག་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱས་ཤིང་། འདི་ནི་ཟླ་2ཚེས་3ཉིན་ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་ཤོག་དྲས་ལག་རྩལ་རྒྱུན་འཛིན་པ་སུའུ་ལི་ཀུང་གིས་སློབ་ཆུང་སློབ་མར་ཤོག་དྲས་ལག་རྩལ་སློབ་བཞིན་པ།