《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月06日

རང་རྒྱལ་གྱིས་འདམ་ར་སྤྱི་ཆིངས་ཁྲི་80ལྷག་ཙམ་མང་དུ་བཏང་བ་དང་བསྐྱར་གསོ་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་2ཉིན་ནི་འཛམ་གླིང་གི་འདམ་རའི་ཉིན་མོ་ཐེངས་28པ་དེ་ཡིན་ཞིང་། འདི་ལོའི་བརྗོད་དོན་གཙོ་བོ་ནི“འདམ་ར་དང་མིའི་རིགས་ཀྱི་བདེ་སྐྱིད”ཅེས་པ་དེ་རེད། གསར་འགོད་པས་རྒྱལ་ཁབ་ནགས་རྩྭ་ཅུས་ནས་ཤེས་རྟོཌ་བྱས་པར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱིས་རིམ་རྩིས་བརྒྱབ་ན་འདམ་ར་སྲུང་སྐྱོང་གི་རྣམ་གྲངས་3400ལྷག་ཙམ་ལག་ལེན་བསྟར་བ་དང་འདམ་ར་སྤྱི་ཆིངས་ཁྲི་80ལྷག་ཙམ་མང་དུ་བཏང་བ་དང་བསྐྱར་གསོ་བྱས་པ་རེད།

འདམ་རར“སའི་གོ་ལའི་མཁལ་མ”དང“དངོས་རིགས་ཀྱི་གཞི་རྒྱུའི་མཛོད”སོགས་བརྗོད་ཅིང་། མིའི་རིགས་ལ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་། ཐཱན་བརྟན་བཙོག་འབུད་ཉུང་གཏོང་། གནམ་གཤིས་འགྱུར་ལྡོག་འགྲོ་འགོར་དུ་གཏོང་བ་སོགས་སྐྱེ་ཁམས་ཞབས་ཞུའི་ནུས་པ་མང་པོ་མཁོ་འདོན་བྱེད་པ་དང་དུས་མཚུངས་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། རིག་གནས་ཀྱི་ཕན་འབྲས་བཅས་རྒྱུན་ཆད་མེད་པར་མཁོ་འདོན་བྱེད་ཀྱི་ཡོད། ཀྲུང་གོའི་འདམ་རར་གོ་ལ་ཧྲིལ་པོའི་4%ཡི་འདམ་རའི་རྒྱ་ཁྱོན་ལྡན་ནས་འཛམ་གླིང་མི་འབོར་1/5ཡི་ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས། རིག་གནས་བཅས་ཀྱི་དགོས་མཁོ་བསྐངས་ཀྱི་ཡོད།