ཟླ་2ཚེས་3ཉིན་ནི་ལྷོ་རྒྱུད་ཀྱི་ལོ་ཆུང་ཡིན་པ་དང་2024ལོའི་རྒྱལ་ཡོངས་དཔྱིད་གསར་དུས་ཆེན་གྱི“གྲོང་གསེབ་ཀྱི་དགོང་ཚོགས”དང“དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད”མང་ཚོགས་ཀྱི་རིག་གནས་ཚོགས་ར་གཙོ་བོའི་བྱེད་སྒོ་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ལིའུ་ཀྲོའུ་གྲོང་ཁྱེར་སན་ཅང་ཏུང་རིགས་རང་སྐྱོང་རྫོང་ལིན་ཤིས་གྲོང་རྡལ་ཁྲེང་དབྱང་པཱ་ཀྲའེ་གྲོང་སྡེར་གཟབ་རྒྱས་ངང་སྤེལ་ནས་རྒྱ་ཆེའི་མང་ཚོགས་ལ་ལྟད་མོ་ཆེ་བའི་འཁྲབ་སྟོན་བྱས་ཤིང་། འདི་ནི་ཟླ་2ཚེས་3ཉིན་ཀོང་ཤིས་ལིའུ་ཀྲོའུ་གྲོང་ཁྱེར་སན་ཅང་ཏུང་རིགས་རང་སྐྱོང་རྫོང་ལིན་ཤིས་གྲོང་རྡལ་ཁྲེང་དབྱང་པཱ་ཀྲའེ་གྲོང་སྡེར་མི་རིགས་ཁག་གི་མང་ཚོགས་དང་ཡུལ་སྐོར་བས་བྱེད་སྒོའི་ཚོགས་ར་གཙོ་བོར་གླུ་ལེན་གར་འཁྲབ་བྱས་ནས་དཔྱིད་གསར་དུས་ཆེན་བསུ་བཞིན་པ།