《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月04日

སྤྲོ་སྣང་ལྡན་པའི་དགུན་གསེང་བུ་བཅོལ་འཛིན་གྲྭ

ཉེ་ཆར། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཤིང་ཆུས་ཏུང་ལིན་གྲོང་རྡལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྡེ་ཁུལ་སློབ་གསོ་ལྟེ་གནས་དང་མཉམ་དུ“བརྩེ་སེམས་མཉམ་དུ་འགྲོགས། ཕྲུ་གུས་དཔྱིད་གསར་བསུ”བའི་གཅེས་སྐྱོང་ཞབས་ཞུའི་རིམ་སྤེལ་བྱེད་སྒོ་སྤེལ་བ་དང་། གྲོང་ཚོའི་སྡེ་ཁུལ་མང་པོར་ས་གནས་དེ་གའི་ཕྲུ་གུ་དང་ཁེ་ལས་ཀྱི་ལས་བཟོའི་བུ་ཕྲུག་ལ་རྣམ་པ་སྣ་ཚོགས་ཀྱི་དགུན་གསེང་བུ་བཅོལ་འཛིན་གྲྭ་གཉེར་ཡོད། ལྒང་བཞུ་བཟོ་བ་དང་། རྟེན་འབྲེལ་ཡི་གེ་འབྲི་བ། ཤོག་དྲས་འདྲ་གཟུགས་བཟོ་བ། སྤྲོ་སྣང་ལྡན་པའི་ངང་དཔེ་དེབ་ཀློག་པ་སོགས་ཀྱི་སློབ་ཚན་འཚོགས་ཏེ། ཕྲུ་གུ་ཚོ་བློ་བདེ་བག་ཕེབས་ཀྱི་ཁོར་ཡུག་ཁྲོད་དྲོ་སྐྱིད་ལྡན་པའི་དགུན་གསེང་སྐྱེལ་ཐུབ་པར་བྱས་པ་རེད། འདི་ནི་ཟླ་2ཚེས་2ཉིན། ཏུང་ལིན་གྲོང་རྡལ་ཏུང་ཧྭ་གྲོང་ཚོའི་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་ཀྱིས་གཉེར་བའི་དགུན་གསེང་བུ་བཅོལ་འཛིན་གྲྭར་ཏང་ཡོན་དང་བླངས་པས་ཕྲུ་གུ་ཚོར་ལོ་གསར་གྱི་ལྒང་བཞུ་བཟོ་སྟངས་སློབ་བཞིན་པ།