《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月04日

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གིས།

པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གནས་ཚུལ་བརྡ་ཁྱབ་ཚོགས་འདུ་འཚོགས་པ།

འཐུས་མི་ཚོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་རྒྱུར་གྲ་སྒྲིག་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་དང་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་ལས་དོན་ཨུ་ལྷན་གྱིས་པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གནས་ཚུལ་བརྡ་ཁྱབ་ཚོགས་འདུ་འཚོགས་ནས། འཐུས་མི་ཚོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་རྒྱུའི་གྲ་སྒྲིག་བྱས་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གི་འགན་འཁུར་བློ་མཐུན་གཙོ་བོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་གཙོ་བོ་དང་2024ལོའི་ལས་དོན་གྱི་བཀོད་སྒྲིག་རགས་ཙམ་བརྡ་ཁྱབ་བཏང་བ་རེད། ཁོང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ཁྲིམས་ལྟར་རང་འགན་གཙང་སྒྲུབ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་བཀོད་སྒྲིག་བྱས་པའི་ལས་འགན་ཁག་ནན་ཏན་ངང་སྒྲུབ་པ། རྩ་ཁྲིམས་ཀྱི་གཏན་འབེབས་དང་། རྩ་ཁྲིམས་ཀྱི་རྩ་དོན། རྩ་ཁྲིམས་ཀྱི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོངས་བཅས་བྱས་ནས་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི། ཕྱི་ཕྱོགས་འགྲོ་འོང་། རང་ངོས་འཛུགས་སྐྱོང་སོགས་ཕྱོགས་ཁག་གི་ལས་དོན་ལ་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་བཏང་ཡོད། འདི་ལོ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ནས་རྩ་ཁྲིམས་ལག་བསྟར་འགན་ལེན་དང་རྩ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་། རྩ་ཁྲིམས་ལྟེ་བར་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ། འཐུས་མིའི་ལས་ཀའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཁྱད་ཆོས་དང་ལེགས་ཆ་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་འཕེལ་རྒྱས་ལམ་བུར་སྐྱོད་པའི་གདེང་ཚོད་དང་ཆོད་སེམས་ཆེ་རུ་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱིས་བཅའ་ཁྲིམས་ཀྱི་གྲོས་གཞི་ཁག་34ལ་གྲོས་ཞིབ་བྱས་པ་ལས་ཁག་20གྲོས་འཆམ་བྱུང་ཞིང་། དེའི་ནང་བཅའ་ཁྲིམས་ཁག་6བཟོས་པ་དང་། བཅའ་ཁྲིམས་ཁག་7ལ་བཟོ་བཅོས་བརྒྱབ་པ། བཅའ་ཁྲིམས་ཀྱི་གནད་དོན་དང་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་གཏན་འབེབས་ཁག་7བཟོས་པ། བཅའ་ཁྲིམས་ཁག་5ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། “གཞུང་གཅིག་ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་22ཉན་ནས་གྲོས་ཞིབ་བྱས་པ། ཆེད་དོན་འདྲི་རྩད་ཐེངས་2བྱས་པ་དང་ཆེད་དོན་བརྟག་ཞིབ་ཁག་7བྱས་པ། གྲོས་ཆོད་2བཟོས་ཤིང་། ཆིངས་ཡིག་དང་ཆོད་དོན་གལ་ཆེན་ཁག་10ལ་ཆོག་མཆན་འགོད་པའམ་ཡང་ན་དེའི་ནང་འཇུག་པའི་གཏན་འབེབས་བྱས་པ་དང་། རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པ་མི་ཐེངས་269བསྐོ་འཐེན་ནམ་ཡང་ན་བསྐོ་འཐེན་བྱེད་པའི་གཏན་འབེབས་བྱས་པ་རེད།

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་པུའི་འགན་འཁུར་བློ་མཐུན་གྱིས་འཐུས་མི་ཚོར་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་། 2023ལོའི་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ལས་དོན་སྤེལ་ཚུལ་ཁག་སོ་སོར་སྙན་སེང་ཞུས་པ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་ཡིག་ཐོག་སྙན་སྒྲོན་ཕུལ་བ་རེད། འབྲེལ་ཡོད་སྙན་སྒྲོན་དག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ཆ་འཕྲིན་ཅན་གྱི་ལས་སྟེགས་བརྒྱུད་འཐུས་མི་ཡོངས་ལ་ཕུལ་ནས་འཐུས་མི་ཚོས་ཚོགས་ཆེན་ལ་མ་ཞུགས་གོང་གཟིགས་རྒྱུར་འབུལ་རྒྱུ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)