འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་ཟླ་1ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་31ཉིན་གྱི་དགོང་མོའི་ཆུ་ཚོད་12པར། ཁྱོན་རིང་ཚད་ལ་སྤྱི་ལེ་15.226ཟིན་པའི་ཀན་སུའུ་ཞིང་ཆེན་གྱི་ཝེ་ཡོན་ནས་ཝུའུ་ཏུའུ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་མུའུ་ཀྲའེ་ལིང་གི་ཧ་ཅང་རིང་བའི་ཕུག་ལམ་དུ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་ཡོད། དེ་ཐོག་ནས་རང་རྒྱལ་གྱི་མྱུར་བགྲོད་གཞུང་ལམ་དྲ་བའི་ལྷོ་བྱང་ཁ་ཕྱོགས་ཀྱི་གཞུང་ལམ་གཙོ་བོའི་གྲས་ཤིག་ཡིན་པའི་G75ལན་ཀྲོའུ་ནས་ཧའེ་ཁའུ་བར་གྱི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ་མཚོན་གྱི་ཡོད།
མུའུ་ཀྲའེ་ལིང་ཕུག་ལམ་ནི་མཚོ་བོད་དང་། དབྱང་ཙེ། ཧྭ་པེ། ཐ་ལི་མུ་སོགས་ཁུལ་ཆེན་བཞིའི་འབྲེལ་མཚམས་ས་རྒྱུད་ཆགས་ཡོད། རྣམ་གྲངས་དེ་2016ལོའི་ཟླ་5པར་ལས་འགོ་བཙུགས་ཚུན། འཛུགས་སྐྲུན་ཚན་པས་ཚན་རྩལ་གསར་གཏོད་ཀྱི་ལམ་བུ་མཐའ་འཁྱོངས་ཀྱིས་དཀའ་གནད་མང་པོ་ཁྱད་དུ་བསད་ནས་ལོ་8ལྷག་ཙམ་འབད་འཐབ་བྱས་མཐར་ལན་ཧའེ་མྱུར་བགྲོད་གཞུང་ལམ་གྱི་མཐའ་མའི“ལས་གྲྭའི་དཀའ་ཁུལ”ཤར་གཏོང་ཐུབ་ཡོད།
མུའུ་ཀྲའེ་ལིང་ཕུག་ལམ་ཤར་གཏོང་ཐུབ་པ་ལས་ཀན་སུའུ་ཝེ་ཡོན་ནས་ཝུའུ་ཏུའུ་བར་དེ་སྔའི་ལམ་ཐག་ལ་ཆུ་ཚོད་4འགོར་བ་ནས་ད་ལྟའི་ཆུ་ཚོད་2.5བར་ཐུང་དུ་ཕྱིན་པས། ནུབ་བྱང་དང་ལྷོ་ནུབ་ས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཤར་གཏོང་དང་། ས་ཁོངས་འགྲིམ་འགྲུལ་གྱི་ཆ་རྐྱེན་དང་མ་འཇོག་ཁོར་ཡུག་ལེགས་སུ་འགྲོ་བ། ལམ་རྒྱུད་ཀྱི་གཏེར་ཁའི་ཐོན་ལས་དང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་འགྲོ་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
(པ་ཕན་གྱིས་བསྒྱུར། རིག་རྡོར་དང་པ་ཕན་གྱིས་ཞུས)