དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་འདིར། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཤིང་ཆུས་ལུང་ཆོན་ཁྲོམ་གཞུང་གི་སྡེ་ཚན་མང་པོའི་ཁྲིམས་སྒྱུར་མི་སྣས་ཁོངས་གཏོགས་ཁུལ་དུ་གསོ་སྦྱོང་སྒྲིག་གཞི་མང་བ་དང“རྒན་རྒོན་དང་བྱིས་པ”གཅིག་སྡུད་ཆེ་བ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ནས། དུས་ཆེན་གོང་གི་བདེ་འཇགས་ཐོན་སྐྱེད་ལ་གཅིག་སྡུད་གྲལ་བཤེར་དང་བཅོས་སྒྲིག་བྱས་ཤིང་། ལས་དོན་མི་སྣས་ཟ་ཁང་དང་། ཚོང་ཁང་། གསོ་སྦྱོང་ལས་ཁུངས་སོགས་ཚན་པར་བསྐྱོད་དེ་གནད་དོན་འཚོལ་ཞིབ་བྱས་པ་དང་འབྲེལ། དེ་བསྟུན་གྱི་དག་ཐེར་ཇུས་གཞི་ཡང་བཟོས་པ་དང་ཆབས་ཅིག འགྲིམ་འགྲུལ་དང་། མེ་ཟོན། ཟས་རིགས་སོགས་ཐད་ཀྱི་བདེ་འཇགས་སློབ་གསོའི་དྲིལ་བསྒྲགས་ལས་དོན་ཡང་ཡག་པོ་སྤེལ་ཡོད།
འདི་ནི་ཟླ་1ཚེས་31ཉིན། ལུང་ཆོན་ཁྲོམ་གཞུང་གིས་ན་སོ་དར་ལ་མ་བབས་པའི་མི་སྒྲིག་འཛུགས་བྱས་ཏེ“བདེ་འཇགས་རྣམ་པ་རི་མོར་འབྲི། དགའ་བ་འབུམ་གྱིས་ལོ་གསར་བསུ”ཞེས་པའི་བྱེད་སྒོ་སྤེལ་ནས་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།