《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月02日

དམངས་སྲིད་པུའུ་སོགས་སྡེ་ཚན་12ཀྱིས《རྒན་གསོའི་ཞབས་ཞུའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་ སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》མཉམ་དུ་བཀྲམ་པ།

རང་རྒྱལ་གྱིས་རྒན་གསོའི་ཞབས་ཞུ་བའི“རིམ་པ་བརྒྱད་པའི་ བཟོ་པའི”གོ་རིམ་གསར་པ་བཟོ་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་དམངས་སྲིད་པུའི་2024ལོའི་དུས་ཚིགས་དང་པོའི་གསར་འགོད་པའི་འཆར་ཅན་གྱི་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་དམངས་སྲིད་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་12ཀྱིས《རྒན་གསོའི་ཞབས་ཞུའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཟོས་ཏེ་བཏོན་ནས། རྒན་གསོའི་ལྟ་སྐྱོང་བ་སོགས་རྒན་གསོའི་ཞབས་ཞུའི་རྩལ་ནུས་ཤེས་ལྡན་པ་འཕེལ་རྒྱས་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ། ཤེས་ལྡན་པའི་ཡོངས་ཁུངས་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། ཤེས་ལྡན་པའི་བྱང་ཚད་དང་ནུས་པ་མཐོ་རུ་གཏོང་བ། ཤེས་ལྡན་པའི་གདེང་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཤེས་ལྡན་པ་བེད་སྤྱོད་དང་དོ་དམ་ལ་མཐོང་ཆེན་བྱེད་པ། འགན་ལེན་དང་སྐུལ་ལྕག་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ལ་ཕྱོགས་ཡོངས་ནས་ལམ་ལུགས་ཇུས་འགོད་བྱས་ཏེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་པའི་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད།

དམངས་སྲིད་པུའི་རྒན་གསོའི་ཞབས་ཞུ་སིའི་སི་ཀྲང་གཞོན་པ་ལི་ཡུང་ཤིན་གྱིས་ངོ་སྤྲོད་བྱས་དོན། 《བསམ་འཆར》ནི་རང་རྒྱལ་གྱི་རྒན་གསོའི་ཞབས་ཞུའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་སྐོར་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྲིད་ཇུས་ཡིག་ཆ་དང་པོ་དེ་ཡིན་པ་དང་། དེས་རྒན་གསོའི་ལྟ་སྐྱོང་བ་ཚོད་ལྟའི་ལས་དོན་དུ་བྱ་རྒྱུ་ཐོག་མར་བཏོན་ཏེ། རྒན་གསོའི་ཞབས་ཞུའི་རྩལ་ནུས་ཤེས་ལྡན་པའི་ལས་རིགས་རྩལ་ནུས་ཀྱི་རིམ་དབྱེའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། རྒན་གསོའི་ལྟ་སྐྱོང་བ་སོགས་རྒན་གསོའི་ཞབས་ཞུའི་རྩལ་ནུས་ཤེས་ལྡན་པའི་རྩལ་ནུས་རིམ་པ་དང་། གདེང་འཇོག་བྱེད་པོ། གདེང་འཇོག་དོ་དམ། གདེང་འཇོག་བྱས་འབྲས་བེད་སྤྱོད་སོགས་འགག་རྩའི་རང་བཞིན་གྱི་གནད་དོན་སྔར་བས་ཁ་གསལ་བཟོས་ཡོད། 《བསམ་འཆར》ནང་བཏོན་དོན། 《རྒན་གསོའི་ལྟ་སྐྱོང་བའི་རྒྱལ་ཁབ་ལས་རིགས་རྩལ་ནུས་ཀྱི་ཚད་གཞི(2019ལོའི་པར་གཞི)》ཡིས་བཀོད་སྒྲིག་བྱས་པའི་ལས་རིགས་རྩལ་ནུས་རིམ་པ་5ཡི་རྨང་གཞིའི་ཐོག་ཆ་རྐྱེན་འཛོམས་པའི་རྒན་གསོའི་ཞབས་ཞུའི་ཁེ་ལས་ཀྱིས་དོན་དངོས་གཞིར་བཟུང་མཐོ་རིམ་ལག་རྩལ་པའི་རིམ་པའི་ཐོག་དམིགས་བསལ་རིམ་པའི་ལག་རྩལ་པ་དང་དབུ་བཞུགས་ལག་རྩལ་པ་ཁ་སྣོན་བྱེད་པར་རྒྱབ་སྐྱོར་དང་། དམའ་རིམ་བཟོ་པའི་གཤམ་དུ་དགེ་ཕྲུག་བཟོ་པ་ཁ་སྣོན་བྱས་ནས་དགེ་ཕྲུག་བཟོ་པ་དང་། དམའ་རིམ་བཟོ་པ། འབྲིང་རིམ་བཟོ་པ། མཐོ་རིམ་བཟོ་པ། ལག་རྩལ་པ། མཐོ་རིམ་ལག་རྩལ་པ། དམིགས་བསལ་རིམ་པའི་ལག་རྩལ་པ། དབུ་བཞུགས་ལག་རྩལ་པ་བཅས་ལས་གྲུབ་པའི་ལས་བཟོའི་རིམ་པ་བརྒྱད་ཀྱི་ལས་རིགས་རྩལ་ནུས་རིམ་པའི(ལས་གནས)གོ་རིམ་གསར་པ་བཟོས་པས། རྒན་གསོའི་ལྟ་སྐྱོང་བའི་འཚར་ལོངས་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་བ་རེད། ལས་རིགས་རྩལ་ནུས་རིམ་པའི་ལག་འཁྱེར་དེ་མི་སྤྱི་པུའུ་ཡིས་གཅིག་གྱུར་ཐོག་ཨང་སྒྲིག་ཚད་གཞི་དང་ལག་འཁྱེར་དེབ་ཀྱི་དཔེ་དབྱིབས་བཟོས་པ་དེ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་འདྲི་རྩད་ར་སྤྲོད་བྱེད་ཐུབ་ཀྱི་ཡོད།

(སྒྱུར་ཞུས་པ་བསོད་བདེ་ཆེ་བ)