《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月01日

2024ལོའི་འཛམ་གླིང་གྲངས་འཛིན་སློབ་གསོའི་ཚོགས་ཆེན་ཧྲང་ཧའེ་རུ་འཚོགས་པ།

འཛམ་གླིང་གྲངས་འཛིན་སློབ་གསོའི་མནའ་འབྲེལ་དངོས་སུ་བཙུགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་30ཉིན། སློབ་གསོ་པུའུ་དང་། ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་། ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཉེར་བའི་2024ལོའི་འཛམ་གླིང་གྲངས་འཛིན་སློབ་གསོའི་ཚོགས་ཆེན་ཧྲང་ཧའེ་རུ་འཚོགས་པ་རེད།

ཐེངས་འདིའི་ཚོགས་ཆེན་ཐོག“གྲངས་འཛིན་སློབ་གསོར། བཀོལ་སྤྱོད་དང་། མཉམ་སྤྱོད། གསར་གཏོད”བཅས་བརྗོད་དོན་གཙོ་བོར་བྱས་ནས་རྒྱལ་ཁབ་ཀྱི་རིག་ལྡན་སློབ་གསོའི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱི་རྒྱལ་སྤྱིའི་པར་གཞི་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ཀྲུང་གོས་སྣེ་ཁྲིད་པའི་འཛམ་གླིང་གྲངས་འཛིན་སློབ་གསོའི་མནའ་འབྲེལ་བཙུགས་པ་རེད། ཚོགས་ཆེན་འཚོག་རིང་། མཉམ་མཚུངས་ཀྱི་གླེང་སྟེགས་མང་པོ་ཞིག་ལ་དགེ་རྒན་གྱི་གྲངས་འཛིན་བྱང་ཚད་མཐོ་རུ་དང་ནུས་པ་ཆེ་རུ་དང་། གྲངས་འཛིན་འཕོ་འགྱུར་གྱིས་རྨང་གཞིའི་སློབ་གསོའི་འགྲན་སློང་དང་གོ་སྐབས། སློབ་གསོ་བཅོས་སྐྱོང་གི་གྲངས་འཛིན་ཅན་དང་གྲངས་འཛིན་སློབ་གསོ་བཅོས་སྐྱོང་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱས་པ་རེད།

ད་ཐེངས་ཀྱི་ཚོགས་ཆེན་ལས་རྒྱལ་ཁབ་ཕྱི་ནང་གི་འཐུས་མི་800ལྷག་ཙམ་གྱི་ཡིད་དབང་འཕྲོག་པའི་ནང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་70ལྷག་ཙམ་དང་དེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཕྱི་རྒྱལ་གྱི་སྐུ་མགྲོན་400ལྷག་ཙམ་ཚུད་ཡོད་པ་རེད།