《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月01日

ཕྱི་རྒྱལ་གྱི་དཔེ་སྐྲུན་སྒྲིག་གཞི་20ཡིས་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་དང་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་པ།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པ་མཉམ་དུ་ཡིག་སྒྱུར་དཔེ་སྐྲུན་བྱ་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་30ཉིན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པ་རྒྱལ་སྤྱིའི་མཉམ་ལས་ཡིག་སྒྱུར་དཔེ་སྐྲུན་བསམ་ཤེས་དྲན་ཐོར་མིང་རྟགས་འགོད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་པ་རེད། ཐེ་ལན་རྒྱལ་ཁབ་ཞིབ་འཇུག་ཁང་ཐེ་ཀྲུང“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཞིབ་འཇུག་ལྟེ་གནས་དང་། ཕ་ཁི་སི་ཐན་ཕ་ཀྲུང་སློབ་ཚོགས། ཁེར་གྷི་སི་ཐན་ལུའོ་ཀྲ·ཨའོ་ཐུང་པ་ཡེ་ཝ་གྲོས་འགོའི་རྒྱལ་སྤྱིའི་སྤྱི་པའི་ཐེབས་རྩ་ལྷན་ཚོགས་སོགས་ཕྱི་རྒྱལ་གྱི་གྲགས་ཅན་དཔེ་སྐྲུན་སྒྲིག་གཞི་20ཡིས་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་དང་གན་རྒྱ་བཞག་ནས་སྐད་ཡིག་མང་པོ་ནས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པ་མཉམ་དུ་ཡིག་སྒྱུར་དང་དཔེ་སྐྲུན་བྱ་རྒྱུ་རེད།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ཕན་ཚུན་ཉིས་བརྩེགས་ཀྱི་རྙོག་འཛིང་ཆེ་བའི་དུས་བབ་དང་། འཛམ་གླིང་ཐོག་མཐོང་དཀོན་པ་དང་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཉེན་ཁའི་འགྲན་སློང་ལ་ཕྱོགས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་སྤྱི་འདོམས་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱི་འདོམས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བཅས་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས་ཀྲུང་ཧྭའི་ས་གཞི་ཆེ་མོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་ལམ་གསར་པའི་ལག་ལེན་རླབས་པོ་ཆེ་བཏོད་པ་དེ་ལས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་པ་གཅིག་སྡུད་ཐོག་མངོན་པ་དང་ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་བསྐྲུན་པའི་ལེགས་སྐྱེས་གསར་ཤོས་གང་ལེགས་མངོན་ཡོད། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གནས་ཚད་གསར་པ་བཏོད་པ་དང་འཕུར་མཆོང་གསར་པ་མངོན་འགྱུར་ཡོང་བ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་རེད།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པ་ཧྥ་རན་སེ་དང་། ཨུ་རུ་སུ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། སི་ཕེན། ཕོར་ཐིའུ་ཀལ། འཇར་མན། རི་པིན་སོགས་ཕྱི་རྒྱལ་སྐད་ཡིག་གི་པར་གཞི་2023ལོའི་ཟླ་6པར་དངོས་སུ་དཔེ་སྐྲུན་བྱས་རྗེས། ཕྱི་རྒྱལ་གྱི་གྲགས་ཅན་དཔེ་སྐྲུན་སྒྲིག་གཞི་མང་པོ་ཞིག་གིས་རང་རྒྱལ་ཁབ་ཀྱི་སྐད་ཡིག་ནས་དེབ་བཞི་པ་ཡིག་སྒྱུར་དཔེ་སྐྲུན་བྱེད་པའི་བསམ་འདུན་གཅིག་རྗེས་གཉིས་མཐུད་ངང་བརྗོད་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པ་རྒྱལ་སྤྱིའི་མཉམ་ལས་བྱེད་ཐབས་ནས་ཡིག་སྒྱུར་དཔེ་སྐྲུན་བྱས་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཕེལ་རྒྱས་གསར་ཤོས་དེ་བས་ཤེས་རྟོགས་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཤེས་རྟོགས་དང་བསམ་ཤེས་གཏིང་ཟབ། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་མཉམ་སྤྱོད། མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད།

ཕྱི་རྒྱལ་གྱི་དཔེ་སྐྲུན་སྒྲིག་གཞི་20དེ་དག་ནི། ཨ་ཧྥུ་ཀ་ནི་སི་ཐན་དང་། ཨར་པ་ནི་ཡ། ཨ་ཟེར་བྷེ་ཇན། བྷང་ག་ལ། པུར་ཀ་རི་ཡ། ཀེ་རི་སེ། ཧང་ག་རི། ཁེན་ནི་ཡ། ཧན་གོ ཁེར་གྷི་སི་ཐན། ལོ་སི། མོང་གོལ་རྒྱལ་ཁབ། ནེ་པ་ལ། ཕ་ཁི་སི་ཐན། ཕོ་ལན། རོ་མ་ནི་ཡ། ཐ་ཇིག་སི་ཐན། ཐེ་ལན། ཨུ་ཟ་བྷེ་ཁི་སི་ཐན། ཝེ་ཐེ་ནམ་སོགས་རྒྱལ་ཁབ་ཡིན་པ་རེད།