འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2023ལོའི་ཟླ་དང་པོ་ནས་བཅུ་གཅིག་བར། རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་མུ་མཐུད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཅིང་། ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར་58902ཟིན་ནས་དུས་མཚུངས་ལས་9%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་24074.2ཟིན་ནས་6.8%ཆག་པ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་34827.8ཟིན་ནས་23.5%འཕར་བ། ཞབས་ཞུའི་ཚོང་དོན་གྱི་ལྡོག་ཁྱད་སྒོར་དུང་ཕྱུར་10753.6ཟིན་ཡོད། ཟླ་བཅུ་གཅིག་པར་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་5447.8ཟིན་ནས་དུས་མཚུངས་ལས་13.7%འཕར་ཡོད། དེའི་ནང་ཞབས་ཞུའི་ཕྱིར་གཏོང་འཕར་ཚད་1.4%དང་ཞབས་ཞུའི་ནང་འདྲེན་འཕར་ཚད་24.4%ཟིན་ཡོད།
ཤེས་བྱ་འདུས་ཆེའི་རྣམ་པའི་ཞབས་ཞུའི་ཚོང་དོན་མུ་མཐུད་འཕར་ཞིང་། ཟླ་དང་པོ་ནས་བཅུ་གཅིག་བར། ཤེས་བྱ་འདུས་ཆེའི་རྣམ་པའི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་24351.5ཟིན་ནས་དུས་མཚུངས་ལས་8.3%འཕར་ཡོད། དེའི་ནང་ཤེས་བྱ་འདུས་ཆེའི་རྣམ་པའི་ཞབས་ཞུའི་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་13895ཟིན་ནས་འཕར་ཚད་10%ཟིན་པ་དང་། ཤེས་བྱའི་འདུས་ཆེའི་རྣམ་པའི་ཞབས་ཞུའི་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་10456.5ཟིན་ནས་འཕར་ཚད་6.1%ཟིན་ཡོད།
ཡུལ་སྐོར་གྱི་ཞབས་ཞུའི་འཕར་ཚད་མགྱོགས་ཤོས་ཡིན་ཞིང་། ཟླ་དང་པོ་ནས་བཅུ་གཅིག་བར། ཡུལ་སྐོར་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་13148.8ཟིན་ནས་དུས་མཚུངས་ལས་73.5%འཕར་བ་དང་འཕར་ཚད་མགྱོགས་ཤོས་ཀྱི་ཞབས་ཞུའི་ཚོང་དོན་ཁྱབ་ཁོངས་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། དེའི་ནང་ཕྱིར་གཏོང་འཕར་ཚད་56%དང་ནང་འདྲེན་འཕར་ཚད་74.9%ཟིན་ཡོད།