《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年12月09日

“ཁ་བ་ཆེ་བའི”དུས་ཚིགས་དང་འབྲེལ་བའི་ཤོད་རྒྱུན།

◆ དུས་ཚིགས་ཉེར་བཞི་ནི་རང་རྒྱལ་གྱི་གནའ་བོའི་ཞིང་འདེབས་རིག་གནས་ལས་བྱུང་བ་ཞིག་ཡིན་ཞིང་། མཁས་དབང་གིས་ཞིབ་འཇུག་བྱས་ནས་ངོས་འཛིན་བྱས་པ་ལྟར་ན། དུས་ཚིགས་ཉེར་བཞི་ནི་རང་རྒྱལ་གྱི་རྨ་ཆུ་རྒྱུག་ཁུལ་དུ་གྲུབ་པ་ཞིག་ཡིན་པ་དང་། དེའི་གནམ་གཤིས་དང་། དྲོད་ཚད། ཆར་ཆུ་འབབ་ཚད། གནམ་གཤིས་ཀྱི་དུས་རིམ་འགྱུར་ལྡོག་བཅས་པ་རྨང་གཞིར་བྱས་པ་ཞིག་ཡིན་སྟབས། ས་གནས་སོ་སོའི་དམངས་ཚོགས་ཀྱི་འཚོ་བའི་ཁྲོད་རྒྱ་ཁྱབ་ཏུ་དར་ཡོད་པ་རེད།

◆ དམངས་སྲོལ་སྐད་བརྡའི་ནང་། དུས་ཚིགས་ཕལ་མོ་ཆེས་མི་རྣམས་ལ་ས་གནས་དེ་གའི་རང་བྱུང་ཁམས་ཀྱི་འགྱུར་ལྡོག་དང་གནམ་གཤིས་ཀྱི་གནས་སྟངས་ལ་ལྟ་ཞིབ་བྱས་ནས་ཞིང་ལས་ཐོན་སྐྱེད་ཀྱི་སྤྱིར་བཏང་ཆོས་ཉིད་ལ་སྔོན་དཔག་དང་ཕྱོགས་སྡོམ་བྱས་ཏེ་རང་བྱུང་གི་གནོད་འཚེ་སོགས་ཀྱི་རྒྱུན་ཤེས་ལ་ཕྱོགས་སྡོམ་བྱས་པར་ཟེར་གྱི་ཡོད།

◆ “ཁ་བ་ཆེ་བའི”དུས་ཚིགས་དེ་ཞིང་འདེབས་རིག་གནས་ཁྲོད་དུ་དོན་སྙིང་ཆེན་པོ་ལྡན།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་ལ“ཁ་བ་ཆེ་བའི”དུས་ཚིགས་ཤར་བ་ལས་དགུན་ཟླ་འབྲིང་བ་འགོ་ཚུགས་པ་མཚོན་གྱི་ཡོད། དུས་ཚིགས་འདིར་རང་རྒྱལ་གྱི་ས་ཆ་ཕལ་མོ་ཆེར་དྲོད་ཚད་རིམ་བཞིན་ཆག་ནས་གྲང་ཟུག་ཆེ་རུ་འགྲོ་གི་ཡོད་པ་དང་། ས་ཆ་ཁག་གཅིག་ལ་ད་དུང་གངས་འབབ་པའི་གནམ་གཤིས་བསྟན་གྱི་ཡོད་པ་རེད།

“ཁ་བ་ཆེ་བའི”དུས་ཚིགས་ནི་གནམ་གཤིས་སྔོན་བརྡའི་ནང་བཤད་པའི་གངས་ཆེན་པོ་འབབ་པ་དང་ཐད་ཀར་འབྲེལ་བ་མེད། དེ་ནི་དུས་ཚིགས་རིང་གི་གནམ་གཤིས་ཀྱི་ཁྱད་ཆོས་བརྗོད་པ་ཙམ་ཡིན། “ཁ་བ་ཆེ་བའི”དུས་ཚིགས་དེ་སྤྱིར་བཏང་ལུགས་རྙིང་གི་ཟླ་བཅུ་གཅིག་པའི་ནང་ཤར་བ་དང་། སྐབས་རེར་ཁ་བ་ཆེ་བའི་དུས་ཚིགས་དེ་ལུགས་རྙིང་གི་ཟླ་བཅུ་པའི་ནང་འཁེལ་ན། དེ་ལ“ཁ་བ་སྔ་འབབ”ཅེས་ཟེར་སྲོལ་ཡོད།

དུས་ཚིགས་ཉེར་བཞི་ནི་རང་རྒྱལ་གྱི་གནའ་བོའི་ཞིང་འདེབས་རིག་གནས་ལས་བྱུང་བ་ཞིག་ཡིན་ཞིང་། མཁས་དབང་གིས་ཞིབ་འཇུག་བྱས་ནས་ངོས་འཛིན་བྱས་པ་ལྟར་ན། དུས་ཚིགས་ཉེར་བཞི་ནི་རང་རྒྱལ་གྱི་རྨ་ཆུ་རྒྱུག་ཁུལ་དུ་གྲུབ་པ་ཞིག་ཡིན་པ་དང་། དེའི་གནམ་གཤིས་དང་། དྲོད་ཚད། ཆར་ཆུ་འབབ་ཚད། གནམ་གཤིས་ཀྱི་དུས་རིམ་འགྱུར་ལྡོག་བཅས་པ་རྨང་གཞིར་བྱས་པ་ཞིག་ཡིན་སྟབས། ས་གནས་སོ་སོའི་དམངས་ཚོགས་ཀྱི་འཚོ་བའི་ཁྲོད་རྒྱ་ཁྱབ་ཏུ་དར་ཡོད་པ་རེད།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ས་མཐོའི་ཚན་རིག་དང་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་སློབ་གླིང་མཚོ་སྔོན་དམངས་སྲོལ་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཁོངས་མི་ཧོ་ཧྥུའུ་ཡིས། “ཁ་བ་ཆེ་བའི”དུས་ཚིགས་སུ། རང་རྒྱལ་གྱི་ཅང་སུའུ་དང་། ཀན་སུའུ། མཚོ་སྔོན་སོགས་ས་གནས་སུ“ཚྭ་སྦྱངས”སྙོལ་བའི་གོམས་གཤིས་ཡོད། “གངས་ཆུང་ངུ་འབབ་དུས་ཚྭ་སྦྱངས་པད་ཚལ་སྙོལ་བ་དང་། གངས་ཆེན་པོ་འབབ་སྐབས་ཕག་ཤ་བསྙལ་ནས་བསིལ་སྐམ་གཏོང”གི་ཡོད། དེ་དག་ནི་དྲན་ཤེས་ཁྲོད་ལྷང་ངེར་འཇགས་པའི“ལོ་གསར་གྱི་རྣམ་པ”ཞིག་རེད་ཅེས་ངོ་སྤྲོད་བྱས།

དམངས་སྲོལ་སྐད་བརྡའི་ནང་། དུས་ཚིགས་ཕལ་མོ་ཆེས་མི་རྣམས་ལ་ས་གནས་དེ་གའི་རང་བྱུང་ཁམས་ཀྱི་འགྱུར་ལྡོག་དང་གནམ་གཤིས་ཀྱི་གནས་སྟངས་ལ་ལྟ་ཞིབ་བྱས་ནས་ཞིང་ལས་ཐོན་སྐྱེད་ཀྱི་སྤྱིར་བཏང་ཆོས་ཉིད་ལ་སྔོན་དཔག་དང་ཕྱོགས་སྡོམ་བྱས་ཏེ་རང་བྱུང་གི་གནོད་འཚེ་སོགས་ཀྱི་རྒྱུན་ཤེས་ལ་ཕྱོགས་སྡོམ་བྱས་པར་ཟེར་གྱི་ཡོད།

“ཁ་བ་ཆེ་བའི”དུས་ཚིགས་དེ་ཞིང་འདེབས་རིག་གནས་ཁྲོད་དུ་དོན་སྙིང་ཆེན་པོ་ལྡན། ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་ཆད་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཉེ་འཁོར་གྱི་མཐའ་ཁུལ་རི་ཁུག་ཕལ་མོ་ཆེར་ནས་དང་སྲན་ཆེན་སོགས་ཀྱི་ལོ་ཏོག་འདེབས་ཀྱི་ཡོད། ས་བབ་མཐོ་ཞིང་གྲང་ངར་ཆེ་བ་དང་། འགྲིམ་འགྲུལ་སྟབས་མི་བདེ་བ། ཐོན་སྐྱེད་སྒྲིག་ཆས་ཞན་པ་སོགས་ཀྱི་རྒྱུ་རྐྱེན་དབང་གིས་དགུན་དུས་དྲོད་ཁང་ཕྱིར་དྲོད་ཚད་དམའ་བ་དང་། ཆུ་འཁོར་རྙིང་པའི་ཝ་ཤུར་དང་འཁོར་ལོ་སོགས་ཀྱི་སྒྲིག་ཆས་ལ་འཁྱག་པ་རྒྱག་སླ་བས་མི་རྣམས་ཀྱིས་རྟག་ཏུ“ཁ་བ་ཆེ་བའི”དུས་ཚིགས་མ་སླེབས་གོང་ནས་འབྲུ་རིགས་གསོག་འཇོག་བྱས་ཏེ་དགུན་སྒྲོལ་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད།

སྟོང་འཁོར་རྫོང་ཉི་ཟླ་ཤང་ཧ་ཁྲིན་གྲོང་ཚོའི་ཡུལ་མི་དབྱང་ཧུང་གིས། ད་ཆ་ཐོན་སྐྱེད་སྒྲིག་ཆས་སྔར་བས་སྔོན་ཐོན་དུ་གྱུར་པ་དང་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པས། ཡུལ་མི་ཚོས་དགུན་སྒྲོལ་གྱི་འབྲུ་རིགས་གྲབས་གསོག་མི་ཐུབ་པའི་སེམས་ཁྲལ་མི་བྱེད་པར་ཕལ་མོ་ཆེས་ལུགས་རྙིང་གི་ཟླ་བཅུ་གཉིས་པར་སྒོ་རྩིས་ཚོང་ཁང་ལ་ཉོ་སྒྲུབ་བྱེད་པར་འགྲོ་བའམ་ཡང་ན་འབྲུ་ལྷག་ཉེ་འཁོར་གྱི་གྲོ་འཐག་ཁང་དང་སྣུམ་འཚག་ཁང་དུ་བསྐྱལ་ཏེ“འཚོ་བ་ཉིན་རེ་བཞིན་ཡག་ཏུ་སོང་ནས་ཉིན་ལྟར་ལོ་གསར་གཏོང་གི་ཡོད”ཅེས་བཤད།

“ལོ་ལྟར་རེ་སྒུག་ཆེ་ཤོས་ནི་དགུན་ཁ་ཡིན། གང་ལགས་ཤེ་ན། དེ་དུས་གངས་རྩེད་འཁྱག་ཤུར་གློད་ནས་དགུན་དུས་ཀྱི་ལུས་རྩལ་ལ་རོལ་རྒྱུ་ཡོད་པས་རེད”ཅེས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ལྔ་བཞི་སློབ་ཆུང་གི“དུས་ཚིགས་ཉེར་བཞིའི་སྲོལ་རྒྱུན་རིག་གནས”ལག་ལེན་སློབ་ཚན་ཉན་བཞིན་པའི་ལོ་རིམ་དང་པོའི་སློབ་མ་ལིའུ་དབྱི་ཙེས“ཁ་བ་ཆེ་བའི”དུས་ཚིགས་སྐོར་གྱི་ཤོག་དྲས་ཤིག་བཟོ་བཞིན་དུ་བཤད། ཁོ་པས་སློབ་གྲྭས་དུས་ཚིགས་སོ་སོར་བརྗོད་གཞི་མི་འདྲ་བའི་བྱེད་སྒོ་སྒྲིག་འཛུགས་བྱེད་ཀྱི་ཡོད་པས་རང་ཉིད་ལ་ཤེས་བྱ་མི་ཉུང་བ་ཐོབ་བྱུང་ཞེས་བཤད།

(པ་སངས་ཚེ་རིང་གིས་བསྒྱུར། གནམ་ཕྱུག་རྒྱལ་དང་པ་ཚེས་ཞུས)