《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年12月09日

ཧྲན་ཏུང་ཤིན་ཐའེ་ཡིས། དགུན་ཁའི་རྒྱ་སེ་མེ་ཏོག་བསྡུ་བར་བྲེལ།

ཉེ་ཆར། ཧྲན་ཏུང་ཞིང་ཆེན་ཤིན་ཐའེ་གྲོང་ཁྱེར་ལོའུ་ཏེ་གྲོང་རྡལ་གྱི་དྲོད་ཁང་ཆེ་མོའི་རྒྱ་སེ་མེ་ཏོག་འཐུ་བའི་དུས་སུ་སླེབས་ཤིང་། མེ་ཏོག་འདེབས་མཁན་ཞིང་པ་ཚོས་རྒྱ་སེ་མེ་ཏོག་འཐུ་བ་དང་། ཆུན་པོ་རྒྱག་པ། དབོར་འདྲེན་བཅས་བྱས་ནས་མེ་ཏོག་སོས་པའི་ཁྲོམ་རར་མཁོ་འདོན་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེས་ཡུལ་བབ་དང་བསྟུན་ནས་དྲོད་ཁང་ཆེ་མོའི་རྒྱ་སེ་མེ་ཏོག་འདེབས་འཛུགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བས་མིག་སྔར་ཚད་གཞི་མཐོ་བ་དང་རིག་ནུས་ཅན་གྱི་རྒྱ་སེ་མེ་ཏོག་འདེབས་འཛུགས་དྲོད་ཁང་མུའུ་500ལྷག་ཙམ་བསྐྲུན་པ་དང་འབྲེལ་རྒྱ་སེ་མེ་ཏོག་སོས་པ་ལས་སྣོན་དང་གྲང་ཉར་སོགས་ཀྱི་ལེ་ལག་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ཡོད། འདི་ནི་ཟླ་12ཚེས་7ཉིན་ཧྲན་ཏུང་ཞིང་ཆེན་ཤིན་ཐའེ་གྲོང་ཁྱེར་ལོའུ་ཏེ་གྲོང་རྡལ་གྱི་རྒྱ་སེ་མེ་ཏོག་འདེབས་འཛུགས་དྲོད་ཁང་དུ་མེ་ཏོག་འདེབས་མཁན་ཞིང་པས་རྒྱ་སེ་མེ་ཏོག་འཐུ་བཞིན་པ།