《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年12月09日

རྒྱལ་ཡོངས་ཀྱི་ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་སྲིད་ཇུས་དྲིལ་བསྒྲགས་གཟའ་འཁོར་སྐབས་བཅུ་གཉིས་པ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་པུའུ་དབར་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱིས་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ་རྒྱལ་ཡོངས་ཀྱི་ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་སྲིད་ཇུས་དྲིལ་བསྒྲགས་གཟའ་འཁོར་སྐབས་བཅུ་གཉིས་པ་དངོས་སུ་འགོ་ཚུགས་པ་དང་དྲིལ་བསྒྲགས་གཟའ་འཁོར་ཟླ་12ཚེས་4ནས་ཚེས་8ཉིན་བར་གཉེར་བ་རེད།

འདི་ལོ་ནས་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་པུའུ་དབར་གྱི་མཉམ་འབྲེལ་གྲོས་ཚོགས་ལམ་སྲོལ་གྱི་ཁོངས་མིའི་ཚན་པ་ཁག་གིས་ཁེ་ལས་ལ་ཕན་པའི་ཁུར་པོ་ཡང་གཏོང་སྲིད་ཇུས་དོན་འཁྱོལ་དང་། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་དོན་ཚན་གྱི་གསལ་ཐོ་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ལ་དམིགས་པ། སྒྲིག་འགལ་གནད་དོན་བཅོས་སྒྲིག་དམིགས་པ་བཅས་བྱས་ཏེ། ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁེ་ལས་ཀྱི་རོགས་སྐྱོར་ཆུ་ཚད་མཐོ་རུ་ཟམ་མི་ཆད་པར་གཏོང་བ། ཁེ་ལས་ཀྱི་གདེང་ཚོད་དང་སྔོན་དཔག་ཆེ་རུ་གཏོང་བ་བཅས་བྱས་ནས་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་འཕེལ་བ་དང་བཟོ་ལས་དཔལ་འབྱོར་འཕར་སྣོན་བརྟན་པོ་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་སུ་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་གྲོན་འགྱངས་སྒོར་དུང་ཕྱུར་1.6འཕར་བའི་ནང་། དམངས་གཉེར་དཔལ་འབྱོར་གྱི་ཁྲལ་འཇལ་བར་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་གྲོན་འགྱངས་སྒོར་དུང་ཕྱུར་12385.6འཕར་ཡོད། ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཟུར་སྣོན་རིན་ཐང་4.1%འཕར་བ་དེ་ལོ་སྟོད་ལས་བརྒྱ་ཆའི་གྲངས་1.1མགྱོགས་སུ་ཕྱིན་ཡོད། རྒྱལ་ཡོངས་ཀྱི་ཚོང་གཉེར་བྱེད་པོའི་བསྡོམས་འབོར་དུང་ཕྱུར་1.8ལས་བརྒལ་ནས་ཁྲོམ་རའི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་ཏེ་ལས་ཞུགས་དང་དཔལ་འབྱོར་གྱི་གཞི་གདན་བརྟན་པོ་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

(ཚེ་དབང་ལྷ་མོས་བསྒྱུར། དམ་ཆོས་དང་ཚེ་ལྷས་ཞུས)