《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年12月09日

2023ལོའི་སྤུས་རྟགས་ཞིང་ལས་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་བགྲོ་གླེང་ཚོཊ་འདུ་སྐབས་བཅུ་གཅིག་པ་སི་ཁྲོན་ཕུའུ་ཅང་དུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། 2023ལོའི་སྤུས་རྟགས་ཞིང་ལས་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་བཅུ་གཅིག་པ་སི་ཁྲོན་ཕུའུ་ཅང་དུ་འཚོགས་པ་དང་། བགྲོ་གླེང་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི། “གྲངས་འཛིན་རིག་ནུས་ཀྱི་དུས་རབས་གསར་པ་སྟེ། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་རིམ་སྤོར་བྱེད”ཅེས་པ་དེ་ཡིན།

ད་རེས་ཀྱི་བགྲོ་གླེང་ཚོགས་འདུ་ནི་ཀྲུང་གོའི་སྤུས་ལེགས་ཞིང་ལས་ཐོན་ཟོག་གསར་སྤེལ་ཞབས་ཞུ་མཐུན་ཚོགས་དང་། སི་ཁྲོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་། ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་དང་། ཁྲེང་ཏུའུ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་དང་། ཕུའུ་ཅང་རྫོང་མི་དམངས་སྲིད་གཞུང་གིས་གཉེར་འགན་ཁུར་བ་ཞིག་རེད། ད་རེས་ཀྱི་བགྲོ་གླེང་ཚོགས་འདུར་ཐེ་ལན་དང་། ཧྥ་རན་སེ། ཕོ་ལན། ཆི་ལི། ལ་ཐེ་ཝེ་ཡ། ཐན་ཙན་ནི་ཡ། དབྱི་ཐ་ལི། ཧན་གོ མ་ལེ་ཞི་ཡ་སོགས་ཀྱི་རྒྱལ་ཁབ་ཀྱི་ཀྲོན་ཡོན་དང་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་སོགས་ཀྱི་རྒྱལ་ཁབ་མང་པོའི་འཐུས་མི་ཚོགས་འདུར་ཞུགས་ནས་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོར་དམིགས་ཏེ་གཏམ་བཤད་སྤེལ་ནས་གྲངས་འཛིན་རིག་ནུས་ཀྱི་དུས་རབས་གསར་པར་བརྟེན་ནས་གོ་ལ་ཧྲིལ་པོའི་ཞིང་ལས་ལ་གོ་སྐབས་དང་འགྲན་སློང་མཉམ་དུ་གྲོས་བསྡུར་བྱས་ཏེ་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་རིམ་སྤོར་བྱེད་པའི་ཐབས་ལམ་གསར་པ་འཚོལ་བར་གཞོལ་བཞིན་ཡོད།