《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年12月09日

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བུད་མེད་དང་བླངས་པའི་གཅེས་སེམས་བྱ་སྤྱོད”ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་5ཉིན་ནི་རྒྱལ་སྤྱིའི་དང་བླངས་པའི་ཉིན་མོ་ཡིན་པས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བུད་མེད་དང་བླངས་པའི་གཅེས་སེམས་བྱ་སྤྱོད”ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཏེ་རྒྱ་ཆེའི་བུད་མེད་དང་ཁྱིམ་ཚང་བུད་མེད་དང་བླངས་པའི་ཞབས་ཞུའི་ནང་ཧུར་ཐག་ཞུགས་པར་སྐུལ་སློང་བྱས་ནས། བུད་མེད་དང་བྱིས་པར་དྲོ་སྐྱིད་ལྡན་པའི་ཞབས་འདེགས་ཞུས་པ་དང་ཏང་གི་ཐུགས་ཁུར་དང་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པ་བྱས་པ་རེད།

“བུད་མེད་དང་བླངས་པའི་གཅེས་སེམས་བྱ་སྤྱོད”ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་2024ལོའི་ལོ་ཧྲིལ་པོར་སྤེལ་རྒྱུ་ཡིན་ཞིང་། རྒྱུན་རྣམ་ཅན་གྱི་གཅེས་སྐྱོང་དང་གཅིག་སྡུད་ཞབས་འདེགས་ཟུང་འབྲེལ་གྱིས་རྒྱལ་སྤྱིའི་དང་བླངས་པའི་ཉིན་མོ་དང་། གནམ་ལོ་གསར་ཚེས། དཔྱིད་གསར་དུས་ཆེན། ལུའེ་ཧྥུང་ལ་སློབ་སྦྱོང་གི་དྲན་གསོའི་ཉིན་མོ་སོགས་གཙོ་གནད་དུས་ཚིགས་སུ་གཅིག་སྡུད་ཐོག་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད། (བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)