《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年12月09日

སྡེ་ཚན་གསུམ་གྱིས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་གཏོང་འདྲེན་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར། ཉེ་ཆར་འཕྲལ་སྡོམ་དོ་དམ་པུའུ་དང་། ནོར་སྲིད་པུའུ། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་བཅས་ཀྱིས་འདི་ལོའི་ས་གནས་ཁག་གི་གནོད་འཚེའི་གནས་ཚུལ་དང་། མ་འོངས་པའི་གནམ་གཤིས་འགྱུར་ལྡོག གེགས་ཁུལ་གྱི་དགོས་མཁོ་བཅས་ལ་སྤྱི་འདོམས་བསམ་གཞིག་བྱས་ཏེ། ཧོ་པེ་དང་། ཧྲན་ཤིས། ནང་སོག ཅི་ལིན། ཧེ་ལུང་ཅང་སོགས་ཞིང་ཆེན་15དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ལ་སྲིན་བལ་གྱི་གྱོན་གོས་དང་ཕོ་ཁེབས་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་དོ་པོ་ཁྲི་37སྤྲད་ནས་ས་གནས་ཀྱིས་དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་ལས་དོན་ཡག་པོར་སྒྲུབ་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པ་བྱས་པ་རེད།

(པ་སངས་ཀྱིས་སྒྱུར་ཞུས་བྱས)