《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年12月09日

རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར་31718ཟིན་པ་ཟླ་བཅུ་པའི་ཟླ་མཇུག་ལས་ཨ་སྒོར་དུང་ཕྱུར་706འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2023ལོའི་ཟླ་11པའི་ཟླ་མཇུག་བར། རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར་31718ཟིན་པ་ཟླ་བཅུ་པའི་ཟླ་མཇུག་ལས་ཨ་སྒོར་དུང་ཕྱུར་706འཕར་བ་དང་འཕར་ཚད་2.28%ཟིན་ཡོད་པ་རེད། 2023ལོའི་ཟླ་11པར་དཔལ་འབྱོར་སྒྲིག་གཞིའི་གཞི་ཆེའི་དཔལ་འབྱོར་གྲངས་གཞི་དང་དངུལ་ལོར་སྲིད་ཇུས་ཀྱི་སྔོན་དཔག་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་ནས་ཨ་སྒོར་གྱི་སྟོན་གྲངས་ཆག་པ་དང་གོ་ལ་ཧྲིལ་པོའི་དངུལ་རྩའི་མ་རྩའི་རིན་གོང་སྤྱིའི་ཆར་འཕར་ཡོད་པ་རེད། དངུལ་བརྗེས་འཛའ་ཐང་ཕབ་རྩིས་དང་རྒྱུ་ནོར་གྱི་རིན་གོང་འགྱུར་ལྡོག་སོགས་རྒྱུ་རྐྱེན་གྱི་ཕྱོགས་བསྡུས་ནུས་པ་ལས་ཟླ་འདིའི་ཕྱི་དངུལ་གྲབས་གསོག་གི་གཞི་ཁྱོན་ཆེ་རུ་ཕྱིན་ཡོད་པ་རེད། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་ཡང་བསྐྱར་འཕར་བ་དང་ལེགས་སུ་ཕྱིན་པ་དང་། དཔལ་འབྱོར་གྱི་ལྡེམ་ཤུགས་ཆེ་བ། གཏིང་ཤུགས་ཆེ་བ། འཕེལ་རྒྱས་ཀྱི་གོ་སྐབས་མང་བ་བཅས་ཡིན་པས་ཡུན་རིང་ལེགས་ཕྱོགས་སུ་འགྲོ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད་པ་དང་ཕྱི་དངུལ་གྲབས་གསོག་གི་གཞི་ཁྱོན་རྩ་བའི་ཆར་བརྟན་པོ་ཡོང་བར་མུ་མཐུད་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།