《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年09月27日

ཁྲུང་ཆིང་ལེང་ཕིང་དུ་ཟླ་མཆོད་བག་ལེབ་ཀྱི་སྤུས་ཚད་ལ་ཞིབ་བཤེར་བྱས་པ།

2023ལོའི་ཟླ་མཆོད་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ། ཁྲུང་ཆིང་གྲོང་ཁྱེར་ལེང་ཕིང་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཟླ་མཆོད་བག་ལེབ་ཀྱི་ཁྲོམ་རར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ། ཟླ་མཆོད་བག་ལེབ་ཁྲོམ་རའི་བྲིན་ཚོང་སྒྲིག་ལམ་དང་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”ལ་འགན་ལེན་བྱས་ཤིང་། འདི་ནི་ཟླ་9ཚེས་25ཉིན། ཁྲུང་ཆིང་ཡུང་ཧུའེ་སྒོ་རྩིས་ཚོང་ཁང་ལེང་ཕིང་ཧྲོང་ཀུའེ་གྲོང་གསར་ཚོང་ཁང་དུ་ལེང་ཕིང་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་ཟླ་མཆོད་བག་ལེབ་ཀྱི་སྤུས་ཚད་ལ་ཞིབ་བཤེར་བྱེད་བཞིན་པ།