《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年09月27日

ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པའི་འགྲེམས་རྫས་ཐོག་མ་ཧྲང་ཧའེ་རུ་འབྱོར་པ།

འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པའི་འགྲེམས་རྫས་ཐོག་མ་སྟེ་སྨི་ཆི་ལིན་ཀུང་སིའི་རྒྱུན་མཐུད་ཐུབ་པའི་རྒྱུ་ཆ་63%གྱི་འགྱིག་འཁོར་དེ་ལུ་ཙེམ་པོག་ནས་ཧྲང་ཧའེ་ཧྥུ་ཏུང་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཡོད། ཧྲང་ཧའེ་འགག་སྒོ་ལས་ཁུངས་ནས་མགྱོགས་མྱུར་ཞིབ་བཤེར་བྱས་རྗེས་འགག་སྒོ་སྒྲོལ་ཐུབ་ནས་མངའ་ཁོངས་སུ་བདེ་བླག་ངང་འབྱོར་པ་རེད།

ནང་འདྲེན་དངོས་མང་སྟོན་ཚོགས་སྔར་བས་ཡག་པོ་གཉེར་བར་ཞབས་ཞུ་དང་འགན་ལེན་བྱ་ཆེད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་སྐབས་སྔོན་མའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་རྒྱུན་བསྲིང་བའི་རྨང་གཞིའི་ཐོག་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པར་རྒྱབ་སྐྱོར་བྱེད་པའི་སྟབས་བདེའི་བྱེད་ཐབས་17བཏོན་ཡོད། འགྲེམས་ཞུགས་ཁྱབ་ཁོངས་སྔར་བས་རྒྱ་ཆེ་རུ་གཏོང་ཆེད“དཔྱད་དཔོག་བྱས་ཏེ་ཉེན་ཁར་ཚོད་འཛིན་གཏན་འཁེལ་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་མཆེད་མེད་པའི་རྒྱལ་ཁབ(ས་ཁུལ)ཀྱི་རིམས་བཤེར་ཆོག་འཐུས་ཐོབ་མེད་པའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་རྫས་དང་བཟའ་བཅར་དམིགས་བསལ་གྱི་ཞིབ་མཆན་བརྒྱུད་ནས་མངའ་ཁོངས་སུ་འགྲེམས་ཚོགས་ནང་ཞུགས་ཆོག”པའི་བྱེད་ཐབས་བཏོན་ཞིང་། སྟབས་བདེའི་བྱེད་ཐབས་བཏོན་པ་ནས་བཟུང་ཧྲང་ཧའེ་འགག་སྒོ་ལས་ཁུངས་ཀྱིས་སྲིད་ཇུས་དྲིལ་བསྒྲགས་ལག་བསྟར་འདུ་ཚོགས་10ལྷག་སྔ་རྗེས་སུ་གཉེར་ཏེ། སྲིད་ཇུས་ཀྱི་མཁོ་སྤྲོད་བྱེད་ཚད་ནུས་ལྡན་ངང་ཆེ་རུ་བཏང་བ་རེད། (གནམ་ཕྱུག་རྒྱལ་གྱིས་བསྒྱུར། བདེ་གནམ་གྱིས་ཞུས)