《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年09月27日

ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འགྲིམ་འགྲུལ་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འགྲིམ་འགྲུལ་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། བདེ་འཇགས་དང་། སྟབས་བདེ། ནུས་ཆེ། ལྗང་མདོག དཔལ་འབྱོར། བསྟུན་མཁས་བཅས་ཀྱི་རྒྱུན་མཐུད་ཆོག་པའི་འགྲིམ་འགྲུལ་མ་ལག་བསྐྲུན་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ་དང་། “མི་དང་དངོས་ཟོག་ཤར་བགྲོད་ཐུབ་པའི”མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ཀྲུང་གོས་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་འཛུགས་སྐྲུན་བྱེད་བཞིན་ཡོད་པས། འཛམ་གླིང་དང་འབྲེལ་འདྲིས་དང་དུས་རབས་དང་འབྲེལ་མཐུད་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་འགྲིམ་འགྲུལ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ཏེ།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) རང་ངོས་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་འདུ་ཤེས་བཅངས་ནས། རྒྱུན་མཐུད་ཆོག་པའི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།

གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འགྲིམ་འགྲུལ་མཐོ་རིམ་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“རྒྱུན་མཐུད་ཆོག་པའི་འགྲིམ་འགྲུལ་ཏེ་ལག་གདང་སྦྲེལ་ནས་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང”ཞེས་པ་ཡིན་ཞིང་། འགྲིམ་འགྲུལ་སྐྱེལ་འདྲེན་པུས་གཙོ་གཉེར་བྱས་པ་དང་ཚེས་25ཉིན་པེ་ཅིང་དུ་འགོ་ཚུགས་པ་རེད།