《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月16日

དཔོན་དམག་ཚོས་ཁྲག་སྦྱིན་ཕུལ་ནས་ གཅེས་སེམས་བརྒྱུད་སྤེལ་བྱས་པ།

པར①ནི་དཔོན་དམག་ཚོས་མཉམ་དུ་ཁྲག་སྦྱིན་ལག་ཁྱེར་སྟོན་བཞིན་པ།

པར②ནི་དཔོན་དམག་ཚོས་ཁྲག་སྦྱིན་འབུལ་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་ཁྲག་སྦྱིན་འབུལ་བའི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། དཔུང་སྡེའི་དཔོན་དམག་103གྱིས་ཁྲག་ཧའོ་ཧྲེང་ཁྲི་3.09ཕུལ་བ་རེད།

“ངས་ཁྲག་ཧའོ་ཧྲེང་200འབུལ་གྱི་ཡིན། ངས་ཁྲག་ཧའོ་ཧྲེང་400འབུལ་གྱི་ཡིན”ཞེས་དཔོན་དམག་ཚོ་ཁྲག་སྦྱིན་འབུལ་བའི་བྱེད་སྒོར་ཚ་ཚ་འུར་འུར་ངང་ཞུགས་པ་དང་། ཁྲག་སྦྱིན་འབུལ་ས་ཁག་4རུ་བང་རིང་པོ་བསྒྲིགས་ཡོད། སྨན་དོན་པའི་མཛུབ་སྟོན་འོག་དཔོན་དམག་ཚོས་ཁྲག་སྦྱིན་རེའུ་མིག་ནན་ཏན་ངང་བྲིས་པ་དང་། བང་བསྒྲིགས་ཏེ་ཁྲག་བཙག་རྒྱུར་བསྒུགས་ནས་བསྡད།

ཁྲག་སྦྱིན་འབུལ་མཁན་གྱི་ཁྲོད་དུ་འཐབ་འཛིང་པ་དཀྱུས་མ་ཡོད་ལ། ཏང་ཡོན་ལས་བྱེད་པ་ཡང་ཡོད། ཁོང་ཚོའི་ཁྲོད་ནས་ལ་ལ་ནི་ལོ་ལྟར་ཁྲག་སྦྱིན་འབུལ་བར་ཡོང་བ་དང་ལ་ལ་ཐེངས་དང་པོ་ཡིན་པ་རེད། ཁོང་ཚོ་ཚང་མས་རང་ནུས་ཅི་ཐུབ་དང་བྱ་སྤྱོད་ངོ་མའི་ཐོག་ནས་གཅེས་སེམས་བརྒྱུད་སྤེལ་གྱིས་ས་མཐོའི་ཁྲག་མཛོད་ལ་ལེགས་སྐྱེས་འབུལ་བཞིན་ཡོད།།