《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月09日

༄༅། །བྱིས་པའི་སྙན་ངག

བྱེ་ཞོལ་ཚེ་རྡོར།

གལ་ཏེ་ལྕང་ལོ་སེར་པོ།

ཆུ་མོའི་གཞུང་གི་གྲུ་ཆུང་ཞིག་ཡིན་ན།

བསིལ་བསིལ་སྟོན་གྱི་རླུང་བུ།

གྲུ་ཆུང་ལ་མཁོ་བའི་གཏན་གྲོགས་སྐྱ་བ་དེ་ཡིན་ངེས།

གལ་ཏེ་སོག་མའི་ཕོན་ལྕོག

ཨ་ཁུ་ཞིང་པའི་སྐུ་ལུས་ཡིན་ན།

ཕོན་ལྕོག་ཐོག་གི་འབྲུ་རྡོག་དེ་དག

ཁོ་ཚོའི་རྔུལ་ནག་གི་ཐིགས་ཕྲེང་རེ་རེ་ཡིན་ངེས།