《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月09日

༄༅། །དཔྱིད་ཀྱི་དྲན་འཆར།

སྨྱུག་སོན་ནོར་སངས།

དཔྱིད་ཀ

དུས་ཚིགས་ཤིག་གི་མིང་རེད།

དུས་ཚིགས་བཞིའི་དང་པོ་རེད།

དུས་ཚིགས་བཞིའི་སྙིང་པོ་རེད།

དཔྱིད་ཀ་ནི་གང་ཡང་མ་རེད།

ཡིན་ནའང་། དཔྱིད་ཀ་ནི་རྒྱུ་རེད།

དཔྱིད་ཀ་ནི་ས་བོན་རེད།

དཔྱིད་ཀ་ནི་ཅི་ཡང་མ་རེད།

ཡིན་ནའང་། དཔྱིད་ཀ་ནི་དམ་བཅའ་རེད།

དཔྱིད་ཀ་ནི་སྔོན་འགྲོ་རེད།

དཔྱིད་ཀ་ནི་གང་ཡང་མ་རེད།

ཡིན་ནའང་། དཔྱིད་ཀ་ནི་ཕུགས་བསམ་རེད།

དཔྱིད་ཀ་ནི་ཁ་ཆད་རེད།

དཔྱིད་ཀ་ནི་ཅི་ཡང་མ་རེད།

ཡིན་ནའང་། དཔྱིད་ཀ་ནི་མ་འོངས་རེད།

དཔྱིད་ཀ་ནི་འདུན་པ་རེད།