ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་རིང་ས་གནས་ཁག་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་དེ་གར་ཡོང་ནས་མཛེས་ལྗོངས་ལོངས་སུ་སྤྱད་ཅིང་། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་བྲག་ཡིབ་ཆུས་རུ་འབྲིང་གིས་སྔ་སྣུར་ནས་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། འཛམ་གླིང་ཤུག་སྡོང་རྒྱལ་པོའི་མཛེས་ལྗོངས་ཁུལ་དང་ཀ་ལ་གྲོང་ཚོར་མེ་ཟོན་ལས་དོན་སྤེལ་ཞིང་། འདི་ནི་རུ་འབྲིང་དེས་ཡུལ་སྐོར་བར་ཞབས་འདེགས་ཞུ་བཞིན་པ།