ཤིང་འཛུགས་དུས་ཆེན་ཐེངས་46པའི་སྐབས་དང་བསྟུན་ནས། ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་ཀྱི་འབོད་སྐུལ་དང་དུ་བླངས་ནས། རིམ་ཁག་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོ་སྤེལ་ནས་ཉིང་ཁྲིའི་ས་ཆ་ཁག་ཏུ་སྔོ་ལྗང་ལྗོན་ཤིང་བཏབ་པ་རེད།