འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། སྣེའུ་ཁུལ་གསར་དོ་དམ་ཨུ་ཡོན་ལྷན་ཁང་བདེ་འཇགས་ལྟ་སྐུལ་ཅུས་ཀྱིས་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་དང་། ཁྲོམ་ར་ལྟ་འདོམས་ཅུས། སྣེའུ་མེ་གསོད་རུ་ཆེན་དང་མཉམ་འགུལ་ཁྲིམས་འཛིན་རུ་ཆེན་བཅས་དང་མཉམ་འབྲེལ་ཐོག་ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་འཛུགས་སྐྲུན་རྣམ་གྲངས་ལས་ཐོན་བསྐྱར་ཚུགས་ཀྱི་མཛད་སྒོ་འཚོགས་པའི་སྐབས་དང་བསྟུན་ནས། “ལས་འགོ་ཚུགས་མ་ཉིད་དུ་བདེ་འཇགས་ལ་དམ་འཛིན་དང་བདེ་འཇགས་ལ་དོ་སྣང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ལས་ཐོན་བསྐྱར་ཚུགས་ཀྱི་བདེ་འཇགས་ཐོན་སྐྱེད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོར་བདེ་འཇགས་ཐོན་སྐྱེད་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་ས་ཡུལ་དངོས་སུ་ལན་འདེབས་པ་སོགས་ཀྱི་བྱ་ཐབས་མང་པོ་བརྒྱུད། ས་ཡུལ་དངོས་ཀྱི་ལས་བྱེད་ལས་བཟོ་དང་ཨར་སྐྲུན་ཁེ་ལས་ཀྱི་འཐུས་མིར་འཛུགས་སྐྲུན་ཨར་ལས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཤེས་བྱ་ཁྱབ་གདལ་བཏང་བ་རེད།
འདི་ནི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།