ལོ་རེའི་སྤྱི་ཟླ་གསུམ་པའི་ཚེས་བརྒྱད་ཉིན་ནི་རྒྱལ་སྤྱིའི་བུད་མེད་དུས་ཆེན་རེད། འདས་མ་ཐག་པའི་བུད་མེད་དུས་ཆེན་གྱི་སྐབས་སུ་འདི་ག་ཚགས་པར་གྱི་ཡིག་སྒམ་དུ་རྩོམ་པ་པོ་མང་པོས་བུད་མེད་དུས་ཆེན་དང་འབྲེལ་བའི་རྩོམ་ཡིག་བསྐུར་ནས། རང་གི་སྐྱེད་མས་གཙོས་པའི་གནམ་འོག་གི་བུད་མེད་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པར་བྱས་འདུག དེར་བརྟེན། ཐེངས་འདིའི་པར་ངོས་སུ་ཆེད་མངགས་བུད་མེད་དུས་ཆེན་དང་འབྲེལ་བའི་རྩོམ་ཡིག་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་བུད་མེད་ཀྱི་ཉམས་བཟང་ཞེས་པའི་ལེ་ཚན་འདི་བཏོད་པ་ལགས།