མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་འདུ་ཤེས་ཟབ་ཏུ་བཏང་ནས་མེ་སྐྱོན་མི་ཐོན་པར་བྱ་ཆེད། ཉིན་ཤས་བསྟུད་མར། མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་དང་བླངས་པ་དང་གཞི་རིམ་དྲ་མིག་ལས་དོན་པ“ཆུང་གྲས་དགུའི”གནས་ཡུལ་དང་སྡེ་ཁུལ་དུ་བསྐྱོད་དེ་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། ས་ཁུལ་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བར་འགན་ལེན་བྱས་ཤིང་། འདི་ནི་ཉིང་ལག་རུ་ཁག་གི་དང་བླངས་པས་ཁྱིམ་དུ་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།